2025-09-08
ཉེ་ཆར། དཀར་མཛེས་ཁུལ་གྱིས“ལོ་ངོ་དོན་ལྔ་འོད་སྟོང་འཕྲོས། དུས་རབས་གསར་པར་བྱས་རྗེས་འཇོག”ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གསར་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མ་དེ་ཡིན་པའི་ཆ་ནས་དཀར་མཛེས་ཁུལ་བཙུགས་ནས་ལོ75རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། 2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར580.52ལ་ཟིན་དེ1950ལོའི་ལྡབ1707.41ཡིན་པ་རེད། རྫོང(གྲོང་ཁྱེར)18ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཆ་སྙོམས་སྒོར་དུང་ཕྱུར10ཡན་ཟིན་ཡོད།
ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ75རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ངོ་བོའི་མཆོང་སྐྱོད་བྱུང་ཡོད་པ་དང་། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། དམངས་འཚོ་ལེགས་སུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་བཅས་ཐོན་ཡོད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་བརྒྱ་ཆ5.5འཕར་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་རང་སྐྱོང་ཁུལ10ཡི་ནང་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ6.9འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ14.4འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ10.9འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་ལོ་རེར་ཆ་སྙོམས་བརྒྱ་ཆ11.9འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ5.4འཕར་བ། གྲོང་སྡེ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ7.7འཕར་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཕྱོགས་ནས། དཀར་མཛེས་ཁུལ་གྱིས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་པོར་འཛིན་ཏེ“བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ”འཛུགས་རྒྱུར་དམིགས་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ6ཡན་འཕར་བ་དང་སྒོར་དུང་ཕྱུར900ལས་བརྒལ་ཐུབ་པ་བྱས་ནས། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར90ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།།
བདེ་སྐྱིད་ཀྱིས་བསྒྱུར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10