2025ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱི་རོལ་དབྱངས་འདུ་ཚོགས་འགོ་བཙུགས།

        2025-09-01

2025ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱི་རོལ་དབྱངས་འདུ་ཚོགས་འགོ་བཙུགས།

སྤྱི་ཟླ8པའི་ཚེས29ཉིན་གྱི་དགོང་མོར། 2025ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་འདུ་ཚོགས་དར་མདོ་རུ་འགོ་བཙུགས།    


མཛད་སྒོར་མཛའ་གཞས་བརྗོད་དོན་ཟློས་གར་ལེའུ་ཆེན་པོ་ལྔའི་ཐོག་ནས་མི་ཉག་གི་གཉེན་སྟོན་དང་། གསེར་དངུལ་གྱི་རྒྱན་ཆ། གོས་རྒྱན་སོགས་མི་ཉག་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གཞི་རྒྱུ་གཅིག་སྡུད་ཐོག་མངོན་པར་མ་ཟད། དར་མདོའི་མཛའ་གཞས་ཀྱི་བརྩེ་དུང་དང་རིག་གནས་འབྲེལ་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་དུས་རབས་ཀྱི་གླུ་དབྱངས་བླངས་པ་རེད།    


ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མི་དང་ཡུལ་སྐོར་བ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་ལྟད་མོར་རོལ་མྱོང་བྱ་ཆེད། རོལ་དབྱངས་འདུ་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་སྔོན་དུ་དམ་ཅན་ཟམ་པ་དང་། ཟམ་པ་བར་མ། འཇའ་ཚོན་ཟམ་པ། སྐལ་བཟང་མེ་ཏོག་ཐང་ཆེན་བཅས་ལ་མཛའ་བརྩེ་གཙོ་དོན་བྱས་པའི་རིག་རྩལ་གྱི་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།    


མི་ཉག་གཉེན་སྲོལ་སྐོར་སྐྱོད་འཁྲབ་སྟོན་དུ་གཞོན་ནུ་ཕོ་མོ་ཆ99ཡིས་མི་ཉག་རང་གི་ཆ་ལུགས་ཀྱི་གོས་རྒྱན་ཆ་ཚང་སྤྲས་ནས་སྐོར་བསྐྱོད་བྱས་པས་དར་མདོའི་ཁྲོམ་གཞུང་ནི་མཛེས་སྡུག་ལྡན་པའི་རིག་གནས་ལྗོངས་ཁུལ་ཞིག་ཏུ་གྱུར་པ་རེད།    གླུ་གར་སྒྱུ་རྩལ་གྱི་འཁྲབ་སྟོན་སྐབས་སུ་དར་མདོ་མཛའ་གཞས་ཀྱི་བརྒྱུད་འཛིན་པ་མའོ་ཡོན་ཀང་། གླུ་མ་ཝང་རུའུ་ཀྲའོ་དང་ལི་ཧྲག་ཧྲག། རང་ཁུལ་གྱི་གླུ་མ་རྡོ་རྗེ་དཔལ་མོ་སོགས་ཀྱིས་རྣམ་པ་མི་འདྲ་བའི་སྙན་མོ་གླུ་ངག་གི་མཆོད་པ་ཕུལ་བ་རེད། 


 གསར་འགོད་པ། ཨོ་རྒྱན་དང་ཡེ་ཤེས། 

 རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་ཞིང་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་ཐད་གཏོང་ལ་བལྟས།
  • དོ་སྣང་ཆེ་བའི་རྩོམ།