སྡེ་དགེའི་སྐབས2པའི་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་འགོ་བཙུགས།

        2025-08-26

    སྤྱི་ཟླ8པའི་ཚེས24ཉིན། སྡེ་དགེ་རྫོང་གི་སྐབས་གཉིས་པའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་ཁག་སྤེལ་འགོ་ཚུགས་ཤིང་། ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་དང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཟུར་ལུགས་གསོ་བ་རིག་པའི་འབྱུང་གནས། ཀྲུང་གོ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ལ་སོགས་ཀྱི་མཚན་སྙན་ཡོད་པའི་མདོ་ཁམས་སྡེ་དགེ་ནས་ཡུལ་མི་སྤུན་ཟླ་དང་རྒྱ་ཆེའི་ཡུལ་སྐོར་སྤྲོ་འཁྱམ་བྱེད་མཁན་རྣམས་ལ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།


    དེ་ཡང་ད་ཐེངས་ཀྱི་བྱེད་སྒོ་འདི་ནི་ཀྲུང་གུང་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་ཀྲུང་གུང་སྡེ་དགེ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་ཁུར་ཡོད་ཅིང་། སྤྱི་ཟླ་8པའི་ཚེས་24ཉིན་ནས་ཚེས་26གྱི་བར་ཏེ་ཉིན་གསུམ་གྱི་རིང་དུ། སྡེ་དགེའི་རིག་གནས་དྲིལ་བསྒྲགས་ཕོ་ཉ་གདམ་གསེས་ཀྱི་འགྲན་བསྡུར་དང་ས་གནས་རང་གི་གླུ་པ་དང་གླུ་མ་ཚོའི་གླུ་དབྱངས་སྤྲོ་ཚོགས། སྲོལ་རྒྱུན་གྱི་བྲོ་གླུ་སྒྲུང་གསུམ་འཁྲབ་སྟོན། གླིང་གེ་སར་རྒྱལ་པོའི་རོལ་དབྱངས་སྤྲོ་ཚོགས། གླིང་སྒྲུང་འཆད་གྱེར་འགྲན་བསྡུར། དེས་མ་ཚད་པར་ཉིན་གསུམ་གྱི་རིང་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་གནའ་རྫས་འགྲེམས་ཚོང་། ཁྱད་ལྡན་ཟ་མ་རོལ་མྱོང་། དྲ་ཐོག་གི་མི་སྣ་གྲགས་ཅན་ཚོས་སྡེ་དགེ་ལ་སྤྲོ་འཁྱམ་བྱེད་པ་སོགས་མདོར་ན་བྱེད་སྒོ་ཆེ་མ་ཆུང་གསུམ་དང་རྣམ་པ་འདྲ་མིན་སྣ་ཚོགས། ནང་དོན་ཕུན་སུམ་ཚོགས་པ་ཡོད་འདུག། 

 

ཡོང་ཁུངས། གངས་ལྗོངས་ཉི་གཞོན། 

 རྩོམ་སྒྲིག་པ། ཡེ་ཤེས།

  • ལེ་ཚན་སྔོན་མ།:ཨང་ཀིའི་སྒུལ་ཤུགས་ལ་བརྟེན་ནས་རང་ཁུལ་གྱི་ས་གཤིས་གནོད་འཚེ་ལྟ་ཐུབ་པར་གྱུར།
  • ལེ་ཚན་རྗེས་མ།:ཨང་ཀིས་ས་གཤིས་གནོད་འཚེའི་སྔོན་བརྡ་གཏོང་ནུས་པར་གྱུར་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10