དཀར་མཛེས་རྫོང་གི་ཞིང་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ།

        2025-09-01

དཀར་མཛེས་རྫོང་གི་ཞིང་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ།

ཉེ་ཆར། དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་གི་གྲོང་ཚོ་དག་ཏུ་ནས་བརྔ་བསྡུ་བྱེད་བཞིན་པའི་སྒང་ཡིན་ལ། ནས་ཞིང་དུ་བརྔ་བསྡུ་འཕྲུལ་འཁོར་གྱིས་རིམ་པ་བཞིན་དུ་ནས་བརྔ་ཞིང་། འཕྲུལ་ཆས་ཀྱི་ནས་འབྲུ་གསོག་སྣོད་དུ་ནས་ཀྱིས་གང་ཡོང་ཚེ་ཞིང་པ་ཚོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན་ཡོད།    


ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དཀར་མཛེས་རྫོང་གི་ས་ཞིང་འདེབས་འཛུགས་གཞི་ཁྱོན་བརྟན་པོ་ཡོད་པ་དང་ལོ་ལྟར་རྒྱ་ཁྱོན་མུའུ་ཁྲི16.8ཀྱི་ཞིང་སར་འབྲུ་རིགས་འདེབས་བཞིན་ཡོད་ལ། ད་ལོར་སྔོན་དཔག་བྱས་ན་ནས་ཀྱི་སྤྱིའི་ཐོན་ཚད་བསྡོམས་འབོར་ཏུན27805ལ་ཟིན་རྒྱུ་དང་། ན་ནིང་ལས་བརྒྱ་ཆ4.9འཕར་བ་དང་མུའུ་རེ་རེར་ཐོན་ཚད་སྤྱི་རྒྱ230ཙམ་ཡོད་པ་རེད།    


དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་ལས་གཉེར་བའི་རྫོང་ཆེན་གྱི་གྲས་ཤིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་རྫས་རྟེན་གཞིའི་གྲས་ཤིག་ཀྱང་ཡིན་པས“ཁམས་ཕྱོགས་བྱང་རྒྱུད་ཀྱི་འབྲུ་མཛོད”ཅེས་པའི་མཚན་སྙན་ཡོད། 


 ལོ་ཙཱ། ཡེ་ཤེས། 

 རྩོམ་སྒྲིག་པ། ཡེ་ཤེས།

  • ལེ་ཚན་སྔོན་མ།:ཨང་ཀིས་ས་གཤིས་གནོད་འཚེའི་སྔོན་བརྡ་གཏོང་ནུས་པར་གྱུར་ཡོད།
  • ལེ་ཚན་རྗེས་མ།:2025ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱི་རོལ་དབྱངས་འདུ་ཚོགས་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།