ཨང་ཀིའི་སྒུལ་ཤུགས་ལ་བརྟེན་ནས་རང་ཁུལ་གྱི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བའི་ནུས་པ་སླར་ཡང་རིམ་པ་གསར་པར་སླེབས།

        2025-08-20

རང་ཁུལ་གྱིས་ཨང་ཀིའི་སྒུལ་ཤུགས་ལ་བརྟེན་ནས་མཐོ་སྒང་གི་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བའི་ཚན་རྩལ་འགག་སྒྲོལ་ཚོད་ལྟའི་ལས་གཞིར་བསྐུལ་ནས། ས་གཤིས་གནོད་འཚེའི་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏང་ཆེད། སི་ཁྲོན་ཞིང་ཆེན་གྱིས་ཚན་རྩལ་ནུས་ཤུགས་སྤྲད་པའི་གནོད་འགོག་གནོད་བསྙུང་གནོད་སེལ་ལས་གཞི་དཀར་མཛེས་ཁུལ་དུ་ལག་ལེན་མཐར་ཕྱིན་བསྟར་རྒྱུར་ཧུར་ཐག་གིས་བསྐུལ་བ་དང་། དར་མདོ་གྲོང་ཁྱེར་དང་ཉག་ཆུ་རྫོང་དུ་དཔེ་མཚོན་ལུང་ཤུར4བདམས་ཏེ་ས་ཡོམ་ལྟ་ཞིབ་ཚད་ལེན་ཡོ་བྱད་སོགས་ཨང་ཀི་ཅན་གྱི་སྒྲིག་ཆས24བཀོད་སྒྲིག་བྱས་ཏེ། ལག་རྩལ་གྱིས་ནུས་པ་སྤྲད་པར་བརྟེན་ནས་ཆུ་ལོག་གི་འགུལ་རྣམ་བརྟག་དཔྱད་དང་། ཉེན་ཁ་ཚོད་འཛིན། གནད་ལ་འཁེལ་བའི་ཉེན་སྟོན་བཅས་ལ་རྨང་གཞི་བརྟན་པོར་བཏིང་བ་རེད། 

 ལྟ་ཞིབ་ཚད་ལེན་གྱི་ཨང་ཀི་ནུས་ལྡན་ངང་བེད་སྤྱད་པར་ཨང་ཀི་ཅན་ལས་སྟེགས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་རེད། ཚོད་ལྟའི་ལས་གཞི་ལས་བསགས་པའི་ཉམས་མྱོང་ལ་གཞིགས་ནས་རང་ཁུལ་གྱིས་ས་གཤིས་གནོད་འཚེའི་ཆེད་ལས་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་སྟེགས་བུའི་ཨང་ཀི་དང་། མངོན་མེད་རྐྱེན་ངན་གནས་ཡུལ་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྲངས་ཀ། དེ་བཞིན་གྲོས་མོལ་མ་ལག་བཅས་ཁྱོན་ཡོངས་ནས་ཉེན་མེད་དཀར་མཛེས་ཆུ་ལོག་དང་ས་སྐྱོན་སྔོན་འགོག་གི་ཕྱོགས་སྒྱུར་འཁོར་ཁང་དུ་སྦྲེལ་ནས་གཞི་གཅིག་ཅན་གྱི་བཀོད་འདོམས་མ་ལག་བཙུགས་པ་རེད། ཁུལ་ཡོངས་ཀྱི་ཨང་ཀི་ཅན་གྱི་དོ་དམ་མ་ལག་ནང་བཅུག་པར་བརྒྱུད་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན“མཐེབ་གཅིག་གིས་ཀུན་ཁེབས”དང་ཐག་གཅོད་གནས་ཚུལ“དྲྭ་ཐོག་ནས་ཕྱིར་ལྡོག”མངོན་འགྱུར་བྱུང་བ་རེད། ད་སྔའི་བར་སྟེགས་བུ་ནས་ཉེན་བརྡའི་ལས་འགན་ཁྲི7.64དང་། ཉེན་བརྡའི་འཕྲིན་ཐུང་ཁྲི27.44བསྐུར་ཡོད་པས་གནོད་འགོག་བཀོད་འདོམས་བཀོད་གཏོང་སྔར་བས་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བ་བྱུང་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)

  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཔལ་ཡུལ་དང་སྡེ་དགེ། སེར་ཤུལ་རྫོང་དུ་ཕེབས་ནས་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།