མི་ཉག་རིག་གནས་གཙོ་དོན་འགྲེམ་སྟོན་གྱི་ཆེད་མཁས་པའི་ཚོགས་འདུ་འཚོགས།

        2025-08-07

ཉེ་ཆར། མི་ཉག་རིག་གནས་གཙོ་དོན་འགྲེམ་སྟོན་ཡིག་གཞི་མདོ་རྩའི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ་དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོ་ནས་འཚོགས། སི་ཁྲོན་ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཟུར་པ་ཏའེ་ཡུན་ཁང་། དཀར་མཛེས་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས། སི་ཁྲོན་དངོས་མང་བཤམ་སྟོན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཞང་ཧོ་ཕིན་བཅས་ཚོགས་འདུར་ཞུགས།    


ཚོགས་འདུར་མི་ཉག་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་དང་ཀྲུང་ཧྭའི་ཤེས་རིག“སྣ་མང་གཞི་གཅིག”ཁྲོད་མི་ཉག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་མངོན་པ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་དང་མི་རིགས་མཉམ་འདྲེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པའི་ཐད་ལ་གྲོས་བསྡུར་བྱས་པ་རེད།     


ཚོགས་འདུར་རིག་གཞུང་འདེགས་སྐྱོར་ཟབ་ཏུ་བཏང་ནས་རིག་ཚན་མང་བའི་མཉམ་ལས་མ་ལག་འཛུགས་པའི་བླང་བྱ་བཏོན། དོན་བརྗོད་གཏན་ཚིགས་བསྐྱར་དུ་བཟོས་ནས་ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་ཁྲོད་མི་ཉག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་དང་། འགྲེམ་སྟོན་བྱེད་སྟངས་གསར་དུ་བཏོད་ནས་མི་རིགས་མཉམ་འདྲེས་བར་ཁྱམས་ཐོག་གི་མི་ཉག་རིག་གནས་ཀྱི་རིག་གནས་རིན་ཐང་དངོས་སྣང་མངོན།  ཤུགས་ཡོད་རྒུས་གཙོ་དོན་འགྲེམ་སྟོན་དེ་ཀྲུང་ཧྭ་ཤེས་རིག་སྣ་མང་གཞི་གཅིག་གི་རྣམ་པ་མངོན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་ས་རྟགས་གསར་པ་ཞིག་ཏུ་བསྐྲུན་ནས་དར་མདོ་གྲོང་ཁྱེར་མི་ཉག་རིག་གནས་དངོས་མང་བཤམ་སྟོན་ཁང་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་པར་རྨང་གཞི་བརྟན་པོ་བཏང་།   

ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་སློབ་གྲྭའི་མགོ་ཁྲིད་དང་ཆེད་མཁས་པ་ཚོགས་འདུར་ཞུགས།


ལོ་ཙཱ། རྟ་མགྲིན་རྡོ་རྗེ། 

རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་སློབ་ཆེན་གྱི་སློབ་གཙོ་འདི་དང་མཇལ་འཛོམས་གནང་།
  • ལེ་ཚན་རྗེས་མ།:གཙང་མདོ་ཡུལ་ཤོག་ཡུལ་གསུམ་གྲོང་སྡེས་བྱེད་སྒོ་འདི་འདྲ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10