ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་འཕེལ་རྒྱས་ལག་ལེན་གསར་པར་ཁྲིད་སྟོན་བྱ་དགོས། (བཞི)

( སྐལ་བཟང་ཐུབ་བསྟན་གྱིས་བྲིས།)        2024-05-29

འབྱུང་འཕྲོད་འཕེལ་རྒྱས་ནི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རང་མདངས་ཡིན་ཞིང་། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་མ་གཞི་ནི་འབྱུང་འཕྲོད་ཐོན་སྐྱེད་སྟོབས་ཤུགས་ཡིན། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་ཀྱི་ཕྱོགས་སུ་མགྱོགས་པོར་བསྒྱུར་ནས་སོལ་ཚད་ལོན་དང་སོལ་སྙོམས་འགྱུར་ཡོང་བར་རོགས་དན་བྱ་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དམ་པོར་བཅངས་ནས། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། འབགས་མེད་ཚན་རྩལ་གསར་གཏོད་དང་སྔོན་ཐོན་འབགས་མེད་ལག་རྩལ་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏོང་ཞིང་། འབགས་མེད་བཟོ་སྐྲུན་ལས་རིགས་སྟོབས་ཆེན་དུ་གཏོང་བ་དང་། འབགས་མེད་ཞབས་ཞུའི་ལས་རིགས་གོང་དུ་སྤེལ་བ། འབགས་མེད་ཐོན་ཁུངས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་ཞིང་། འབགས་མེད་སོལ་ཉུང་ཐོན་ལས་དང་མཁོ་སྤྲོད་འབྲེལ་ཐག་འཕེལ་རྒྱས་གཏོང་བ། འབགས་མེད་སོལ་ཉུང་འཁོར་རྒྱུག་དཔལ་འབྱོར་མ་ལག་འཛུགས་ཤིང་། འབགས་མེད་སོལ་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔལ་འབྱོར་སྲིད་ཇུས་སྣ་མང་མུ་མཐུད་དེ་ལེགས་སུ་བསྒྱུར་བ་དང་། འབགས་མེད་དངུལ་རྩའི་སྣེ་ཁྲིད་ནུས་པ་བཏོན་ཏེ། ཕན་འབྲས་ཆེ་བའི་འབགས་མེད་ཐོན་ལས་ཚོགས་ཁྱུ་བསྐྲུན་དགོས།

ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྔར་ལྷག་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་ཏུ་སྤེལ་ཏེ། དེ་དང་འཕྲོད་པའི་ཐོན་སྐྱེད་འབྲེལ་བ་གསར་པ་ཆགས་པར་བྱ་དགོས། དཔལ་འབྱོར་སྒྲིག་སྲོལ་དང་ཚན་རྩལ་སྒྲིག་སྲོལ་སོགས་བཅོས་བསྒྱུར་ཟབ་ཏུ་སྤེལ་ཞིང་། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བར་བཅིངས་པའི་འཚང་ས་དང་འགག་ས་གཤོང་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་མ་ལག་ཚད་གཞི་མཐོན་པོ་འཛུགས་ཤིང་ཐོན་སྐྱེད་གྲུབ་རྐྱེན་བཀོད་སྦྱར་བྱེད་སྟངས་གསར་དུ་བཏོད་དེ། ཐོན་སྐྱེད་གྲུབ་རྐྱེན་སྔོན་ཐོན་སྤུས་ལེགས་སྣ་ཚོགས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་བདེ་བླག་ངང་འཁོར་དུ་གཞུག་དགོས། ཕྱིར་ཕྱོགས་སྒོ་འབྱེད་ཆུ་ཚད་མཐོན་པོ་རྒྱ་སྐྱེད་བཏང་ནས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བར་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར་སློབ་གསོ་དང་ཚན་རྩལ། ཤེས་ལྡན་པ་འཁོར་རྒྱུག་བཟང་པོ་ཡོང་བར་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད། ལུགས་མཐུན་འཁོར་བའི་ལས་དོན་ནང་སྲོལ་འཐུས་ཚང་དུ་གཏང་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་གཞིགས་ནས། མཐོ་རིམ་སློབ་གྲྭའི་སློབ་ཚན་བཀོད་སྒྲིག་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་ལེགས་པོར་བསྒྱུར་ནས། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་འཕྲལ་མཁོ་ཤེས་ལྡན་པ་བསྐྱང་དགོས། གྲུབ་རྐྱེན་ཡོང་འབབ་བགོ་བཤའ་རུ་ཞུགས་པའི་ནང་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ། དན་གྲངས་སོགས་ཐོན་སྐྱེད་གྲུབ་རྐྱེན་གྱི་གསོན་ཤུགས་བསླངས་ཏེ། ཤེས་བྱ་དང་ལག་རྩལ། ཤེས་ལྡན་པའི་ཁྲོམ་རའི་རིན་ཐང་དེ་བས་མངོན་པ་དང་། གསར་གཏོད་ལ་སྐུལ་མ་དང་ཕམ་ཁ་ལ་ཁོག་ཡངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།།

  • ལེ་ཚན་སྔོན་མ།:སྦྲག་ཁུག་ཆུང་ཆུང་ནང་གི་བདེ་འཇགས་ཆེན་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།