“དཀར་མཛེས་མགྱོགས་ཞུའི”བྱ་དགའི་དངུལ་སྒོར་ཁྲི11ལས་བརྒལ།

        2025-04-24

སྤྱི་ཟླ4པའི་ཚེས16ཉིན། དཀར་མཛེས་ཁུལ་ནགས་རྩྭ་མེ་ཟོན་བཀོད་འདོམས་པུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པར། “དཀར་མཛེས་མགྱོགས་ཞུའི”འཕྲིན་ཕྲན་བསྒྲིགས་རིམ་ཆུང་ངུ་སྤྱོད་འགོ་བཙུགས་པ་ནས་བཟུང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། ལྟ་ཀློག་བྱེད་ཐེངས་ཁྲི47.09ཟིན་པ་དང་ཁུངས་སྣེ་ཡར་ཞུ་བྱེད་ཐེངས་ཁྲི1ལས་བརྒལ། རིམ་རྩིས་བྱས་ན་བྱ་དགའ་དངུལ་སྒོར་ཁྲི11ལྷག་སྤྲད་ཟིན་པ་རེད།    འདི་འདྲིའི་གྲུབ་འབྲས་བཟང་པོ་ཐོབ་པ་དེ་མ་ལག་རང་བཞིན་གྱི་བཀོད་སྒྲིག་ཏན་ཏིག་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། སྤྱི་ཟླ3པའི་ནང་དུ་དཀར་མཛེས་ཁུལ་གྱིས“དཀར་མཛེས་མགྱོགས་ཞུ”ཁྱབ་གདལ་བཀོལ་སྤྱོད་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་སྐབས་དེའི་ལས་དོན་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད་ལ་དབྱེ་ཞིབ་བྱས་ནས་མདུན་སྐྱོད་ཁ་ཕྱོགས་ཁ་གསལ་བཟོས་ནས“དཀར་མཛེས་མགྱོགས་ཞུ”ཡོངས་ཁྱབ་ངང་བེད་སྤྱོད་བྱ་རྒྱུར་རྨང་གཞི་བརྟན་པོར་བཏིང་བ་རེད།     རྟའུ་རྫོང་གིས་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་དང་ཚན་བསྟར་བརྙན་ཐུང་བཟོ་བ། འབྲེལ་ཡོད་གསོ་སྦྱོང་བརྒྱུད་ནས་དཀར་མཛེས་མགྱོགས་ཞུའི་འབྲེལ་ཡོད་དྲིལ་བསྒྲགས་ལྟ་ཀློག་བྱེད་ཐེངས་ཁྲི28ལས་བརྒལ། ལྕགས་ཟམ་རྫོང་གིས་དཀར་མཛེས་མགྱོགས་ཞུ་ལ་གླུའི་ནང་དོན་བྱས་ནས་དབྱངས་ཀྱི་འགྱུར་ཁུགས་དེ་ཁྱབ་སྤེལ་གྱི་གཞི་རྟེན་དུ་བསྒྱུར། ལི་ཐང་རྫོང་གིས་དཀར་མཛེས་མགྱོགས་ཞུ་ཡི་ཆེད་དོན་སྐུལ་སྤེལ་བྱེད་སྒོ་སྤེལ་ནས་ཁྱོན་ཡོངས་ནས་དེའི་ནུས་པ་དང་ལེགས་ཆ་གསལ་སྟོན་བྱས། དར་མདོ་གྲོང་ཁྱེར་གྱིས་དཀར་མཛེས་མགྱོགས་ཞུའི་མགྱོགས་གཏམ་བཤད་ནས་མི་དམངས་ཀྱི་ཡིད་དབང་བཀུག།


ལོ་ཙཱ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:ཁང་པའི་གནད་དོན་འདི་རིགས་ལ་དམིགས་ནས་བཅོས་སྐྱོང་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།