2025-04-10
དྭངས་གསལ་དུས་ཆེན་གྱི་རིང་ལ“སྐྱིད་པའི་བྲག་ཡིབ། སྤྲོ་བའི་འབའ་ཐང་། གླུ་ཡི་མཆོད་པ་འབུལ”ཞེས་པའི་རིག་གནས་ཡུལ་སྐོར་མཉམ་འབྲེལ་བྱེད་སྒོ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྭ་ལ་གྲོང་སྡེའི་ཁམ་བུ་མེ་ཏོག་ལྡུམ་རར་སྤེལ་བ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་དཀར་མཛེས་ཁུལ་འབའ་ཐང་རྫོང་རིག་རྩལ་ཚོགས་པས་ཁམ་བུ་མེ་ཏོག་བཞད་པའི་ཟླ་བ་གསུམ་པར་རིག་གནས་ཡུལ་སྐོར་སྤེལ་རེས་བྱེད་སྒོ་སྤེལ།
ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་ཕྱིན་གཏང་ཆེད། བྲག་ཡིབ་ཆུས་དང་འབའ་ཐང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཐད་ཀྱི་གསབ་རེས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་དང་། G318ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ལག་རྡང་སྦྲེལ་ནས“ཁྲོམ་ར་ཐུན་མོང་ཐོག་རྒྱ་བསྐྱེད་དང་སྤུས་རྟགས་མཉམ་བསྐྲུན། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་གསར་པ་མཉམ་དུ་འཛུགས་ཆེད། བྱེད་སྒོ་འགོ་མ་ཚུགས་གོང་བྲག་ཡིབ་ཆུས་དང་འབའ་ཐང་རྫོང་གིས་ཐུན་མོང་ཐོག《བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་ཡོད། དམིགས་ཡུལ་ནི་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ནས་དཔལ་འབྱོར་མཉམ་ལས་གཉིས་ཕན་མངོན་འགྱུར་འབྱུང་རྒྱུ་དེ་རེད།
བྱེད་སྒོ་ཐོག་ས་གནས་གཉིས་ཀྱི་རིག་རྩལ་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་ཚང་མར་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཕུལ་ཡོད། ཁོ་ཚོས་རོལ་དབྱངས་ཐོག་ནས་བརྩེ་དུང་བརྒྱུད་སྤྲོད་བྱེད་པ་དང་། ཞབས་བྲོའི་ཐོག་ནས་ཉམས་འགྱུར་མངོན་པ། སྒྱུ་རྩལ་ཐོག་ནས་འཚོ་བར་དགའ་ཞེན་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས། རིག་རྩལ་འཁྲབ་སྟོན་གྱི་ལྟད་མོ་མྱོང་རོལ་དང་ཕན་ཚུན་གྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་ལོན་པར་བྱས་ནས་དོན་སྙིང་ལྡན་པའི་དྭངས་གསལ་དུས་ཆེན་གྱི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།།
ལོ་ཙཱ། ཡེ་ཤེས།
རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10