2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་ཆེན་པོ་བཅུ།

        2025-03-10

སྤྱི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོག་འགོ་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ་བ་རེད། ཐེངས་འདིའི་སྙན་ཞུ་ལས་སྲིད་གཞུང་གི་ལས་ཀའི་ལས་འགན་ཆེན་པོ་བཅུ་བཏོན་པ་གཤམ་གསལ་ལྟར།

2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་ཆེན་པོ་བཅུ།



གཅིག། འཛད་སྤྱོད་མཐོར་འདེགས་དང་དངུལ་གཏོང་ཕན་འབྲས་ཇེ་མཐོར་གཏོང་གང་ཐུབ་བྱས་ནས། ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏང་དགོས། 

གཉིས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱསབཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏང་དགོས། 

གསུམ། ཚན་རྩལ་དང་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ནུས་ཆོད་ཇེ་མཐོར་གཏང་དགོས། 

བཞི། དཔེ་མཚོན་ཅན་གྱི་བཅོས་སྒྱུར་བྱེད་ཐབས་མགྱོགས་པོས་ལག་བསྟར་བྱས་ནས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་སྔར་བས་ཡག་པོ་འདོན་དགོས།

ལྔ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་བཏང་ནས། ཕྱི་འཚོང་དང་ཕྱི་དངུལ་བརྟན་འཇགས་ཡོང་བ་བྱ་དགོས། 

དྲུག། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་ཉེན་སེལ་ནུས་ལྡན་བྱས་ནས། ཡོངས་ཁྱབ་ཅན་གྱི་ཉེན་ཁ་མི་བྱུང་བའི་མ་མཐའི་ཚད་ཐིག་བརྟན་སྲུང་བྱ་དགོས། 

བདུན། ཞིང་གསུམ་ལས་ཀ་གཙིགས་སུ་བཟུང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཟབ་སྤེལ་གཏང་དགོས། 

བརྒྱད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་བཏང་ནས། འཕེལ་རྒྱས་ཀྱི་ཁོར་ཡུག་དང་གནས་བབ་སྔར་ལས་ཇེ་ལེགས་གཏང་དགོས། 

དགུ། ཐཱན་ཉུང་བཙོག་སེལ་དང་ལྗང་བསྒྱུར་རྒྱ་བསྐྱེད་མཐུན་སྦྱོར་ཡག་པོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་འབག་མེད་ལུགས་བསྒྱུར་མགྱོགས་སུ་གཏང་དགོས།

བཅུ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་ཇེ་མཐོར་གཏང་དགོས།




ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཙུང་ལི་ལི་ཆིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་སེང་གི་དོན་གནད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།