2025-03-10
སྤྱི་ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས115པ་སླེབས་ལ་ཉེ་པའི་སྐབས་སུ། སེར་ཤུལ་རྫོང་ཨུ་དང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“གསུམ་བརྒྱད”བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་བ་རེད། སེར་ཤུལ་རྫོང་ཨུ་ཧྲུའུ་ཅི་ཁྲེན་ཀྲི་ཡུང་རྫོང་སྤྱི་བདེ་ཅུས་སུ་བསྐྱོད་ནས་ལས་གནས་བརྟན་སྲུང་བྱེད་མཁན་བུད་མེད་ཉེན་རྟོག་པ་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་དང་པོའི་ལས་ཀའི་སྙིང་སྟོབས་བརྟན་སྲུང་བྱས་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ཁྲོད། བུད་མེད་ཉེན་རྟོག་པ་རྣམས་ཀྱིས་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད་པ་ལ་བསྔགས་བརྗོད་བྱས། དེ་རྗེས་འཚམས་འདྲི་ཚོ་ཆུང་གིས་རྫོང་རིག་གནས་ཐང་ཆེན་དུ་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་བུད་མེད་ཚོར་དུས་ཆེན་གྱི་འཚམས་འདྲི་བྱས། ཁྲེན་ཀྲི་ཡུང་གིས་ཁྱེད་ཚོ་དུས་རྒྱུན་དུ་ནངས་སྔ་ལངས་ནུབ་ཉལ་ཕྱི་བྱས་ཏེ་སེར་ཤུལ་རྫོང་གི་ཁོར་ཡུག་འཕྲོད་བསྟེན་ལ་ལེགས་སྐྱེས་ཕུལ་མཁན་ཡིན་པས། མུ་མཐུད་ནས་ལོ་གསར་པའི་ནང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་གནས་ལ་དགའ་བ་དང་འབད་བརྩོན་ཧུར་ཐག་བྱས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་ཇེ་མཛེས་སུ་གཏོང་ཆེད་འབད་བརྩོན་བྱ་དགོས་པའི་རེ་བ་བཏོན། སེར་ཤུལ་རྫོང་གི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ལོ་གསར་པའི་ནང་ལས་གནས་སུ་གཞི་ཚུགས་པ་དང་། ཧུར་བརྩོན་ཡར་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། རྫོང་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་བུད་མེད་ཀྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སེར་ཤུལ་འཕེལ་རྒྱས་ལ་ཐབས་ཇུས་འདོན་ནས་དུས་རབས་གསར་པའི་སེར་ཤུལ་བུད་མེད་ཀྱི་ཕུལ་དུ་བྱུང་བའི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད། རྫོང་ཨུའི་གཞུང་ལས་ཁང་དང་། རྫོང་སྤྱི་བདེ་ཅུས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱི་འགན་འཁུར་བ་ད་ཐེངས་ཀྱི་འཚམས་འདྲི་བྱེད་སྒོར་མཉམ་ཞུགས་བྱས་པ་རེད།
གསར་འགོད་པ། མེ་ཏོག། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10