སྐབས14པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས3པའི་གྲོས་རིམ།

        2025-03-07

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་དེ། དེ་རིང་སྟེ་སྤྱི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་འགོ་འཛུགས་རྒྱུ་དང་། སྤྱི་ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་མཇུག་འགྲིལ་རྒྱུ་ཡིན་པ་རེད། ཚོགས་ཡུན་ཉིན7དང་། ཁྱོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་བཀོད་སྒྲིག་བྱས་ཡོད་པ་རེད། ཚོགས་ཆེན་གྱི་གྲོས་རིམ་ལ་ཁྱོན་དོན་ཚན་བདུན་ཡོད་དེ། གཅིག། སྲིད་གཞུང་གི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱ་རྒྱུ། གཉིས། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སེང་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ། གསུམ། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ། བཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། ལྔ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱ་རྒྱུ། དྲུག། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱ་རྒྱུ། བདུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཡིན་པ་རེད།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྐབས14པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས3པ་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།