སྣུམ་རིན་འཕར་བའི་གསར་འགྱུར།

        2025-01-20

ཉེ་དུས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འགྱུར་ལྡོག་གི་གནས་ཚུལ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲུབ་རྫས་སྣུམ་གྱི་རིན་གོང་ཆགས་པའི་ལམ་སྲོལ་གཞིར་བཟུང2025ལོའི་ཟླ་དང་པོའི་ཚེས16ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་བུད་སྣུམ་གྱི་རིན་གོང་ཏུན་རེར་སྒོར340དང325སོ་སོར་འཕར་ཡོད། ལེགས་སྒྲིག་བྱས་རྗེས། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་ལྟེ་བའི་གྲོང་ཁྱེར་གྱི་རླངས་སྣུམ་དང་བུད་སྣུམ་གྱི་སིལ་ཚོང་རིན་གོང་མཐོ་ཤོས་ཟུར་བཀོད་རེའུ་མིག་ཏུ་གསལ།

    ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་བཟོ། ཀྲུང་གོ་མཚོ་སྣུམ་བཅས་སྤྱི་གཉེར་ཁང་ཆེན་པོ་གསུམ་དང་དེ་བཞིན་མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་གྲུབ་རྫས་ཐོན་སྐྱེད་དང་སྐྱེལ་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱ་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་བ་དང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། འཛད་སྤྱོད་པས་ལས་སྟེགས12315བརྒྱུད་ནས་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་ཆོག། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།