འཁྱག་ཐག་ཆོད་པའི་གཙང་སྟོད་དིང་རི།

གདུགས་དཀར་སྐྱབས།        2025-01-17

           འཁྱག་རོང་གྲང་གིས་གཙེས་པའི་དགུན་གཞུང་ཁྲོད། །

མི་རྟག་འབྱུང་བཞི་གཤེད་མའི་གནོད་པ་ཞིག །

ཧི་མ་ལ་ཡའི་འདབས་སུ་གློ་བུར་བསླེབས། །

རྐྱེན་ངན་བར་ཆད་ཁ་བ་བབས་པ་ལྟར།།

གློ་བུར་ས་ཡོམ་བྱུང་བའི་གཏམ་ངན་ཐོས། །

མགྱོགས་པོར་ཁ་པར་སྐད་འཕྲིན་བལྟས་པ་ན། །

དིང་རིའི་ས་ཡོམ་ཆ་འཕྲིན་གང་སར་མཐོང་། །

མི་མང་འཆི་ལམ་ཁྲིད་པ་ཡིད་རེ་སྐྱོ། །

ས་ཡོམ་དྲུག་ཚེག་བརྒྱད་ཀྱི་རྐྱེན་ངན་འོག།

རང་རིགས་སྤུན་ཟླ་རྣམ་པའི་ཚེ་སྲོག་བཅོམ། །

རང་བྱུང་གནོད་འཚེ་ངན་པས་བདེ་སྐྱིད་གཏོར། །

སྤྱི་སྒེར་གང་ལའང་ཚེ་སྲོག་འཇབ་རྒོལ་ཕོག།

ས་ཡོམ་གོད་ཆགས་ངར་ཆད་འཕྲད་པའི་ནང་། །

ང་སྐྱོབ་ཁོ་སྐྱོབ་གདུང་འབོད་ས་གཞིར་ཁེངས། །

གཞོན་དར་རྒན་གསུམ་འཆི་མའི་གནས་ནས་བྲལ། །

ཕ་མ་མེད་པའི་དྭ་ཕྲུག་རི་གྲོང་ལྷུང་། །

ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག །

གནོད་འཚེ་ཕོག་པའི་མི་དམངས་བརྩེ་བས་བཅངས། །

གེགས་སྐྱོབ་དངོས་ཟོག་ཟད་མེད་ཆར་ལྟར་ཕབ། །

གནོད་འཚེ་ཕོག་པའི་དིང་རིར་དྲོད་འོད་འཕྱུར། །

དིང་རིའི་མི་དམངས་སེམས་ཤུགས་མ་ཆག་རོགས། །

ཏང་དང་རྒྱལ་ཁབ་བཀའ་དྲིན་ཆེན་པོའི་འོག །

ས་ཕྱོགས་གང་ས་གཟིགས་སྐྱོང་གནང་མཁན་ཚོས། །

རྒྱུ་ནོར་དཔལ་འབྱོར་རོགས་སྐྱོར་སྐར་ལྟར་བཀྲ། །

སང་ཉིན་ཉི་མ་དེ་ལས་དྲོ་སྐྱིད་ལྡན། །

སྡུག་གི་མུན་པ་ག་ལེར་ཡལ་འགྲོ་བས། །

སེམས་ཤུགས་མ་ཉམས་ང་ཚོ་མཉམ་དུ་ཡོད། །

ཁྱིམ་གཞིས་གསར་པ་དལ་གྱིས་ཆགས་སྲིད་དོ། །


  • ལེ་ཚན་སྔོན་མ།:དིང་རི་བ། ཡིད་མ་ཕམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།