2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༢༽

        2025-01-10

གཉིས། རིག་གནས་འཛུགས་སྤེལ་ལ་དམིགས་ནས་དམངས་ཡོངས་ཀྱིས་མཉམ་དུ་བསམ་པའི་ཁྱིམ་གཞིས་འཛུགས་པར་བསྐུལ་དགོས།


ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་ཁོང་དུ་ཆུད་པ་དང་། དེའི་སྙིང་དོན་གཙོ་བོ་དང་དགོངས་པའི་ངོ་བོ། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་བླང་བྱ་བཅས་སེམས་ལ་བརྟན་པོར་ངེས་པ། རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་།  དུས་རབས་གསར་པའི་རིག་གནས་འགན་འཁྲི་གསར་པ་འཁུར་ཞིང་། ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་གི་བྱ་སྤྱོད་ཆེན་པོ་བཅུ་ཟབ་ཏུ་སྤེལ་བ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྐྱོང་ཞིང་ལག་ལེན་བསྟར་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་སྣང་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། བདེ་སྐྱིད་འཚོ་བར་ཡིད་སྨོན་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་ནན་ཏིག་གཏང་དགོས།


རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་དགོས། རེས་སྐོར་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་དུ་འཛུགས་པར་དམ་འཛིན་བྱེད་ཅིང་། མི་རིགས་ཁག་གི་གཞོན་ནུ་དང་ལོ་ཆུང་སྤེལ་རེས་དང་། མི་རིགས་ཁག་གི་མང་ཚོགས་ ཕན་ཚུན་འདྲེས་ཞུགས་ཅན་གྱི་འཕེལ་རྒྱས། ཡུལ་སྐོར་གྱིས་མི་རིགས་ཁག་ འགྲོ་འོང་སྤེལ་རེས། མཉམ་འདྲེས་ཡོང་བ་བཅས་ཀྱི་“འཆར་གཞི་གསུམ་”ལ་ལག་ལེན་མཐར་ཕྱིན་བསྟར་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་ལས་ཚན5འཛུགས་སྐྲུན་བྱ་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དགོན་སྡེར་སྤེལ་བའི་ལག་ལེན་བྱེད་སྒོ་ཟབ་ཏུ་སྤེལ་ཏེ། ཏང་གི་སྲིད་ཇུས་དང་ལས་ཚན་ཡོད་ཚད་གསལ་པོར་བཤད་པ་དང་། དོན་ལ་འཁྱོལ་བ། མི་སེམས་གཅིག་ཏུ་བསྒྲིལ་བ་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་སྲ་ཞིང་བརྟན་པར་བྱ་དགོས།


རིག་གནས་མཁོ་སྤྲོད་མ་ལག་སྤུས་ཚད་མཐོན་པོར་མགྱོགས་མྱུར་བསྐྲུན་དགོས། རིག་དངོས་གནའ་རྟོག་ཁུངས་འདེད་ལས་གཞི་ལག་ལེན་མགྱོགས་པོར་བསྟར་བ་དང་། ཕན་རོགས་གནའ་ཤུལ་སྤྱི་གླིང་བསྐྲུན་པའི་འགོ་ཚུགས་པ་དང་། ཕན་རོགས་གནའ་ཤུལ་གྱི་གནའ་རྟོག་གསར་སྔོག་དུས་སྐབས་བཞི་པ་ལེགས་གྲུབ་བྱ་རྒྱུ་དང་། མདོ་དབུས་མཐོ་སྒང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་ཏེ་ཕན་རོགས་གནའ་ཤུལ་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་གཞག་པའི་རེ་ཞུ་ལས་དོན་སྤེལ་འགོ་ཚུགས་པ་དང་། རོང་བྲག་གི་མཁས་དགོད་ཡུལ་གནའ་ཤུལ་གྱི་གནའ་རྟོག་གསར་སྔོག་དང་ཞིབ་འཇུག་ལ་བསྐུལ་དགོས། ས་ཁོངས་ཡོངས་ཀྱི་དངོས་མང་བཤམས་སྟོན་ཁང་གི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིགས་ཁག་གི་དངོས་མང་བཤམས་སྟོན་ཁང5གསར་དུ་འཛུགས་པ་བྱ་དགོས། འདབ་པ་རྫོང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་རྫོང་ཁོངས་ཀྱི་ཚོད་ལྟ་དང་སྡེ་དགེ་རྫོང་གི་མི་རིགས་རིག་གནས་སྲུང་སྐྱོང་བེད་སྤྱོད་ཀྱི་ཁྱད་ཆོས་ས་ཁོངས་ཀྱི་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏང་དགོས། འབྲི་ཆུ་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་ཁམས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ལས་དཀར་མཛེས་ཁུལ་གྱི་དུམ་མཚམས་འཛུགས་སྐྲུན་ལ་སྐུལ་བ་དང་། གེ་སར་དང་བོད་ཀྱི་ཟློས་གར་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གསར་སྔོག་དང་ཁྱབ་གདལ་གཏང་ཞིང་། གླུ་པ་བཟང་པོ་ཁག་ཅིག་འཐོན་རྒྱུ་དང་། གླུ་གཞས་ཕུལ་བྱུང་ཁག་ཅིག་གསར་དུ་བརྩམ་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཁག་གཅིག་གསོ་སྐྱོང་། རིག་གནས་གསར་འཆར་ཐོན་རྫས་ཁག་གཅིག་བཟོ་བ་བཅས་བྱ་དགོས། རིག་གནས་དམངས་ཕན་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་བསམ་བློའི་འདུ་ཤེས་དང་། བསམ་པའི་སྤྲོ་བ། འཚོ་བ་སྐྱེལ་སྟངས་བཅས་ཀྱི་ཐད་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱ་དགོས།




སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༣༽
  • ལེ་ཚན་རྗེས་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད། ༼༡༽
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10