རུས་རྐང་དྭངས་མ། 2025-01-17
དེ་རིང་འབྱུང་བཞིའི་གནོད་འཚེས་དཀྲོགས་པས་ན།།
དྲིན་ཆེན་ཨ་མ་རྒན་མོའི་རུམ་པང་དུ། །
བརྩེ་བའི་བུ་ཆུང་གཉིད་ལོང་མ་བྱུང་ཐལ། །
ཉི་ཟེར་ཆུ་རྡུལ་སྤྱོད་པའི་གངས་དཀར་དེ། །
དེ་རིང་གངས་དང་ཆར་པས་དེད་པས་ན། །
དལ་འབབ་ཡར་ཀླུང་གཙང་པོའི་བཞུར་སྒྲ་ཡང་། །
མུ་མེད་དབྱིངས་སུ་མ་གྲགས་རེ་ཞིག་འཇགས། །
ཁྱེད་དང་ང་ཡི་ལས་དབང་སྐྱ་མོ་ལ། །
ཞེན་ཆགས་ཆེ་རུ་མ་སོང་ཡིད་སེམས་ཀྱི། །
དད་པ་བརྟན་པོ་ཞིག་གི་སྨོན་སེམས་ཀྱིས། །
གངས་རིའི་གདུང་དབྱངས་ང་ཚོས་མཉམ་དུ་གྱེར། །
རི་རྒྱུད་ཧི་མ་ལ་ཡའི་གངས་འདབས་སུ། །
ང་ཡི་ཁ་བའི་མི་རིགས་དིང་རི་བ། །
འབྱུང་བཞིའི་གནོད་འཚེ་ཇི་ལྟར་ཡོད་ན་ཡང་། །
ཁ་བའི་སེམས་འདུན་ནམ་ཡང་མཉམ་དུ་ཡོད། །
མཐོན་པོ་གངས་དཀར་རི་བོའི་གཡས་གཡོན་ནས། །
སྐྱོ་བ་ཚིག་ཏུ་ཕབ་པས་རིགས་མཐུན་གྱི། །
སྤུན་ཟླ་རྣམ་པའི་ཡིད་ཀྱི་མུན་པ་ཡི། །
སྐྱོ་བ་བསལ་བར་བྱེད་པ་ཉིད་གྱུར་ཅིག །
རྩོམ་གསར། 10