​དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱིས2025ལོའི་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་དར་མདོར་འཚོགས།

        2025-01-10

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱིས2025ལོའི་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་དར་མདོར་འཚོགས།


   སྤྱི་ཟླ་དང་པོའི་ཚེས8ཉིན་ལ། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་དར་མདོ་རུ་འཚོགས་པ་རེད། ཁུལ་བོད་ཞིབ་འཇུག་ཁང(ཁུལ་རྩོམ་སྒྱུར་ལྟེ་གནས)གི་མགོ་ཁྲིད་དང་། ཁུལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་བོད་རིག་པ་དང་ལོ་ཙཱ་བའི་ཆེད་མཁས་པ51ད་ཐེངས་ཀྱི་ཇ་སྟོན་ཚོགས་འདུ་ལ་ཞུགས་པ་རེད། ཚོགས་ཞུགས་མི་སྣ་ཚང་མས་སྤྲོ་བ་ཆེན་པོས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག་སྐོར་ལ་དམིགས་ནས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། ཇ་སྟོན་ཚོགས་འདུའི་འགོ་རྔ་ཐམས་ཅད་དུ་སྣང་ཉམས་བཟང་པོས་ཡོངས་སུ་ཁེངས་པ་རེད།

    ཚོགས་འདུའི་ཐོག་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེ་ཡིས་ལས་ཁུངས་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས་ཚོགས་ཞུགས་ཀྱི་ཆེད་མཁས་པ་རྣམ་པས་དཀར་མཛེས་བོད་རིག་པའི་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་ཐད་ལ་སྔར་བཞིན་སེམས་ཤུགས་བཏོན་པ་དང་སེམས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལོ་གསར་པའི་སྨོན་འདུན་བཟང་པོ་ཞུས། དེ་དང་ཆབས་ཅིག་ཏུ་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་རེད། ཁོང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་དང་བསྟུན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོ་དམིགས་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པར་ཧུར་བརྩོན་བྱ་དགོས་པ་དང་། ལོ་གསར་པའི་ནང་དུ་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་རིག་ཚན་མང་པོའི་རིགས་གཞུང་དང་བྱ་ཐབས་རྨང་གཞིར་འཛིན་པ་དང་། རིགས་གཞུང་དང་ལག་ལེན་གཉིས་ནས་འགོ་བཟུང་ཞིང་། རིགས་གཞུང་ཞིབ་འཇུག་དང་ཐབས་ཇུས་བློ་འདྲི་ཟུང་འབྲེལ་བྱ་རྒྱུ་བཅས་ཞིབ་འཇུག་གི་ཐབས་ལམ་དུ་བྱས་ཏེ་དཀར་མཛེས་ཁུལ་གྱི་དོན་དངོས་ཀྱི་དགོས་གཏུག་ཆེ་སར་དམིགས་པའི་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་མུ་མཐུད་དེ་འཚོལ་ཞིབ་བྱས་ནས་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་ཨ་ལན་བསློག་དགོས་པ་དང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས། དམངས་འཚོ་བཅས་ཀྱི་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས། དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དེའི་མཐུན་སྦྱོར་རང་བཞིན། སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། རིག་གནས་སྐྱོན་བྲལ་དང་དེང་རབས་ཅན།  ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་། དེ་བཞིན་མཐའ་འཁོར་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་ལ་དོ་ཁུར་བྱ་དགོས་ཞེས་ནན་བཤད་གནང་ཡོད།

    ཆེད་མཁས་པ་དང་དགེ་རྒན་རྣམ་པས་མགྲིན་གཅིག་ཏུ་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གིས་དུས་ཡུན་རིང་པོས་སེམས་ཁུར་དང་ལྟ་རྟོག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།  ད་སྔར་བོད་རིག་པའི་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག་ཐད་བློ་གཅིག་མཐུན་དང་ཤུགས་མཉམ་བཏོན་གྱི་ངར་ཤུགས་ཆེན་པོ་ཆགས་ཡོད་ཅིང་། བྱ་གཞག་ཁག་ལ་རྒྱུན་ཆད་མེད་པས་ཡར་རྒྱས་གསར་པ་བྱུང་བར་སྙིང་ཐག་པ་ནས་དགའ་སྤྲོ་སྐྱེས་ཤིང་། ཕྱིན་ཆད་དཀར་མཛེས་ཁུལ་གྱི་རིག་གནས་བྱ་གཞག་ལ་ཡིད་ཆེས་དང་རེ་སྒུག་ཆེན་པོ་ཡོད་པ་དང་། མུ་མཐུད་དེ་ཏང་གི་སྲོལ་བཟང་དང་སྤྱོད་བཟང་དར་སྤེལ་དང་། རང་ངོས་ཀྱི་ཉམས་མྱོང་དང་བློ་གྲོས་སྤྱད་དེ་ཐབས་འདོན་ཇུས་འབུལ་དང་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དཀར་མཛེས་ཁུལ་གྱི་རིག་གནས་བྱ་གཞག་སྔར་ལས་ཇེ་དར་ཇེ་རྒྱས་སུ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད།།

གསར་འགོད་པ། དབང་ཆེན་སྒྲོལ་མ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད། ༼༡༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།