2025-01-10
དྲུག། རང་ངོས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་ཡི་རང་བའི་སྲིད་གཞུང་འཛུགས་པར་བསྐུལ་དགོས།
ཏང་ལ་བློ་སེམས་མཐའ་གཅིག་ཏུ་དཀར་དགོས། གྲོས་གཞི་དང་པོའི་ལམ་ལུགས་ལག་ལེན་ནན་པོར་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་འགུགས་བླ་སྐྱོང་བྱ་རྒྱུའི་འཆར་འགོད་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་རྒྱས་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས། མཐའ་མཚམས་བཅོས་སྐྱོང་ལ་སྐུལ་བ་སོགས་ཀྱི་ནང་དོན་གལ་ཆེན་སྦྱངས་ནས་བྱང་ཆུབ་པར་བྱས་ཏེ།“གཏན་འཁེལ་གཉིས”་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་དང་།“འདུ་ཤེས་བཞི”་ཇེ་དྲག་ཏུ་གཏོང་བ།“གདེང་ཚོད་བཞི”་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”་བྱེད་ཐུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་དྲིན་དྲན་མདུན་སྐྱོད་བྱ་དགོས།
ཁྲིམས་ལྟར་སྲིད་འཛིན་མཐའ་གཅིག་ཏུ་བྱ་དགོས། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བསྒྱུར་བཅོས་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་བཅས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལོ་ལྔའི་ལས་འགན་ལེགས་འགྲུབ་བྱ་དགོས། དོན་དག་གལ་ཆེན་ཁུལ་ཨུ་ལ་སྙན་སེང་ཞུ་རྒྱུ་རྒྱུན་འཁྱོངས་པ་དང་། ཁྲིམས་ལྟར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་དང་དུ་ལེན་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱ་རྒྱུ་དང་། རྩིས་བཤེར་དང་ནོར་སྲིད་སོགས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་པ། མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་དང་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་ཞིང་། མ་སྐུལ་དང་ལེན་གྱིས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་ལ་ཉན་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་འོས་འགན་སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྲོལ་ཡིག་ལ་སྐུལ་འདེད་གཏང་དགོས། སྲིད་གཞུང་དང་ཁྲིམས་ཁང་མཉམ་འབྲེལ་དང་སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་སྐུལ་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཁྲིམས་ལྟར་སྲིད་གཅོད་ལ་བསྐུལ་དགོས། རྫོང་དང་ཡུལ་ཤོག་རིམ་པ་གཉིས་ཀྱི་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ཡག་པོ་དང་། ནན་པོ་དང་ཚད་ལྡན། དྲང་གཞག། ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་པར་བསྐུལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དྲག་གཞག་དྲང་བདེན་ཉེ་འགྲམ་དུ་ཡོད་པའི་མྱོང་ཚོར་འབྱུང་པར་བྱ་དགོས།
སྲིད་བརྩོན་དམངས་ལ་ཕན་པ་མཐའ་གཅིག་ཏུ་བྱ་དགོས། ཚོང་ལས་དོན་དུ་མི་གཉེར་བའི་ཚོང་དཔོན་ལྟར་མི་བྱེད་པ་དང་ཚོང་ཁང་གི་ཞབས་ཞུ་བ་བཞིན་བྱེད་འདོད་པའི་འདུ་ཤེས་དམ་པོར་བཅངས་ཏེ། ཞིང་ཆེན་དང་ཁུལ་གྱི་དམངས་འཚོའི་དོན་དངོས་ཡག་པོ་ནན་ཏིག་བསྒྲུབས་ཏེ། དམངས་འཚོའི་གཏོང་ཡོང་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་གི་བསྡུར་ཚད་ཀྱི་བརྒྱ་ཆ65ཡན་སྲུང་འཛིན་ཐུབ་པའི་ཁག་ཐེག་བྱ་དགོས། མུ་མཐུད་དེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། “ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”དོན་ཚན་དོན་འཁྱོལ་ཡག་པོ་བྱས་ནས། བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་གྱི་འོས་འགུགས་འོས་འཇུག་དང“ངོ་མི་ཐུག་པར”འོས་བསྒྲགས་བྱ་དགོས། དམངས་ཀྱི་འདོད་བློ་ལ་དུས་རྒྱུན་དུ་ཉན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།“12345”ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ལས་སྟེགས་ཡག་པོ་སྤྱད་དེ། ཞུ་གཏུག་འབྱོར་ཚེ་དེ་མ་ཐག་སྒྲུབ་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ། མང་ཚོགས་ཀྱི་ལྟ་སྐུལ་དང་དུ་ལེན་པ། དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་མི་དམངས་ཀྱི་གཞུང་ཞབས་པ་ཉེ་འགྲམ་ཡོད་པའི་ཚོར་བ་ངོ་མ་འབྱུང་དུ་བཅུག་དགོས།
སྤྱོད་གཙང་ལུགས་དྲང་མཐའ་གཅིག་ཏུ་བྱ་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་ལེན་ནན་ཏིག་བསྟར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་བ། 《སྲིད་གཞུང་མགོ་ཁྲིད་ཚན་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་གཏན་འབེབས་འགའ་ཞིག》དང《སྲིད་གཞུང་ཁོངས་གཏོགས་ཀྱི་དུས་རབས་གསར་པའི་ཏང་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཕྱོགས་བསྡུས་དཔྱད་དཔོག་བྱེད་ཐབས།》ལག་ལེན་ནན་པོར་བསྟར་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་ནན་ཏིག་གཏོང་བ། དྲང་ཕྱོགས་ཀྱི་བརྩོན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་སྒྲུབ་བསམ་པ་དང་ལས་དོན་སྒྲུབ་ཤེས་པའི་ལས་བྱེད་པས་ལས་དོན་སྒྲུབ་ཐུབ་པ་དང་། བསྒྲུབས་ནས་འགྲུབ་ཐུབ་པར་བྱ་དགོས། ལས་ཚན་གལ་ཆེན་དང་དམངས་འཚོའི་མ་དངུལ་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་ཐུག་མཚམས་ཚིགས་ལ་དམ་པོར་དམིགས་ཏེ་རྩ་ལག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་ཞིང་ལམ་ལུགས་ཀྱི་སྐྱོན་ཆ་གཏན་འགོག་བྱ་དགོས།“འཚོ་བ་ངན་ངོན་རོལ་བར”གོམས་འདྲིས་སུ་གྱུར་པ་དང་།“དམངས་འཚོའི་དངུལ་ཁུག”ཡག་པོར་སྲུང་བ་དང། ཚད་ཡོད་པའི་ནོར་ཤུགས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ཐད་སྤྱད་དེ། མི་རིགས་ཁག་གི་མང་ཚོགས་ལ་སྤྱོད་གཙང་ལུགས་དྲང་ཉེ་འགྲམ་ཡོད་པའི་མྱོང་ཚོར་འབྱུང་དུ་བཅུག་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10