2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༤༽

        2025-01-10

བཞི། སྐྱེ་ཁམས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་རི་སྔོ་ཆུ་དྭངས་སྲུང་བར་བསྐུལ་དགོས།


    སྦགས་བཙོག་འགོག་བཅོས་ཀྱི་རང་སྐུལ་དམག་འཐབ་ཡག་པོ་བརྒྱག་དགོས། ཀྲུང་དབྱང་དང་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་རེས་སྐོར་གསུམ་པ་བྱས་ནས་ཕྱིར་བསློགས་གནད་དོན་དག་ཐེར་བཅོས་སྐྱོང་ཡག་པོ་བྱས་ཏེ། ཀྲུང་དབྱང་གི་ལྟ་སྐུལ་རེས་སྐོར་གཉིས་པའི་ཕྱིར་བསློགས་གནད་དོན་ལྷག་མ་དག་ཐེར་བཅོས་སྐྱོང་ཐུབ་པར་ཁག་ཐེག་བྱ་ད་དགོས། འགྲོ་རྒྱུག་སྦགས་བཙོག་གི་འབྱུང་ཁུངས་དང་། རྡུལ་ལངས་སྦགས་བཙོག་གི་འབྱུང་ཁུངས། བཟོ་ལས་སྦགས་བཙོག་གི་འབྱུང་ཁུངས་བཅས་“ཁུངས་གསུམ་མཉམ་འགོག”་གི་ནུས་པ་ཆེ་རུ་བཏང་སྟེ། མཁའ་དབུགས་སྤུས་ཚད་ཀྱི་བཟང་ཚད་བརྒྱ་ཆ100སྲུང་འཛིན་བྱ་དགོས། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག། ཆུའི་སྐྱེ་ཁམས་བཅས“ཆུ་གསུམ་མཉམ་བཅོས”བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་བཅོས་ཀྱི་གྲོང་སྡེ་སྟོང་གི་དཔེ་སྟོན་ཞེས་པའི་ལས་གཞི་དང་ཆུར་ཞུགས་བཙོག་འབུད་སྒོ་ཚགས་བཤེར་དག་ཐེར་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ཆུ་ངོས་ཀྱི་སྤུས་ཀ་རིམ་པ་གཉིས་པ་ཡན་གྱི་ཚད་གཞིར་སླེབས་པ་དང་ས་ངོས་ཆུའི་ཁོར་ཡུག་གི་སྤུས་ཀགལེགས་ཚད་བརྒྱ་ཆ100ལ་ཟིན་པ་ 20སྲུང་འཛིན་ཐུབ་པ་བྱ་དགོས། ཞིང་ལས་ས་ཞིང་དང་འཛུགས་སྐྲུན་ས་ཆ། བཟོ་གཏེར་ལ་སྤྱོད་པའི་ས་ཆ་བཅས་“ས་གསུམ་མཉམ་གཅུན”་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦགས་བཙོག་ཐེབས་པའི་རྨོ་ཞིང་ཉེན་མེད་བེད་སྤྱོད་བྱེད་ཚད་བརྒྱ་ཆ100ལ་སྲུང་འཛིན་ཐུབ་དགོས།ཉག་རོང་རྫོང་དང་གྲོང་ཁྱེར་སོགས་ཀྱིས་བེད་རོ་མེད་པའི་གྲོང་ཁྱེར་གསར་དུ་འཛུགས་པ་ལ་རྒྱབ་སྐྱོར་བྱ་དགོས།


    སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱག་དགོས། ཆུ་དཔོན་དང་མཚེའུ་དཔོན། ནགས་དཔོན་དང་། ཞིང་དཔོན་ལམ་ལུགས་བསྟར་ཤུགས་ཆེ་རུ་གཏོང་བ་དང་།《མཛེས་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་འཆར་འགོད (2024 ལོ་ནས2035 ལོའི་བར)》ལག་ལེན་མཐར་ཕྱིན་བསྟར་ཅིང་། མཛེས་པའི་རྫོང་མཁར་དང་མཛེས་པའི་ཡུལ་སྡེ། མཛེས་པའི་ཆུ་བོ་དང་མཚེའུ་ཁག་གཅིག་འཛུགས་སྐྲུན་བྱ་དགོས། མདོ་དབུས་མཐོ་སྒང་དང་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་ཚན37བསྐྲུན་པ་དང་། སེར་ཤུལ་གྱི་ཁྲོམ་གཟའ་གོང་མ་དང་གསེར་རྟའི་ཉི་ན་ཐང་རྒྱལ་སྤྱིའི་འདམ་གཙོ་བོ་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་དང་། ཞན་འགྱུར་ནགས་ཚལ་ཉམས་གསོ། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་། བྱེར་འགོག་བྱེར་བཅོས། ཨབ་ར་དང་འབུ་གནོད་འགོག་བཅོས་བཅས་མུའུ་ཁྲི 335ལེགས་གྲུབ་ཡོང་བ་བྱ་རྒྱུ་དང་། གནའ་བོའི་ཤིང་སྡོང་གྲགས་ཅན743ལ་དོ་དམ་དང་སྲུང་སྐྱོང་བྱ་དགོས། རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་། འདམ་ར། ས་རྒོད་བཅས་དང་རྒྱལ་ཡོངས་ཀྱི་ས་གཤིས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ལེགས་གྲུབ་བྱ་དགོས། འབྲི་ཆུར་ལོ་བཅུར་ཀླུང་རྒྱ་སྡོམ་པར་སྐུལ་འདེད་ནན་ཏིག་གཏང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས10དང་ཁོར་ཡུག་སྤུས་ཚད་སྲ་བརྟན་དང་ལེགས་སུ་མི་གཏོང་བའི་མོལ་འདྲི་བྱེད་ཐབས་ལག་ལེན་ནན་པོར་བསྟར་ཏེ། ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། 《ས་སྒུལ་ཕྱིན་འདྲི་རྩད་བྱེད་པའི་ལས་དོན་བྱེད་ཐབས》ལག་ལེན་བཙན་པོར་བསྟར་ཏེ། བསྐྲུན་འདོད་ན་སྐྲུན་པ་དང་དང་མཐོང་ཡང་མི་མཐོང་བ་ལྟར་བྱེད་པ་སོགས་མཇུག་སྣེའི་བཅོས་སྐྱོང་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས།


    ཐཱན་ཉུང་རིགས་བསྒྱུར་གྱི་སྤྱི་ཡོངས་དམག་འཐབ་ཡག་པོ་བརྒྱག་དགོས། ཁུལ་ཡོངས་ཀྱི་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་ལག་ལེན་ཇུས་གཞི་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། སྡེ་ཚན་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་བརྒྱ་ཆ0.2བར་ཆག་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རིམ་རྩིས་བྱས་ན་བརྒྱ་ཆ14ཆག་པར་བྱ་རྒྱུ། སྤྱི་པའི་ཞབས་ཞུའི་རླངས་འཁོར་ནུས་རྒྱུ་གསར་པས་ཚབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་སྨི་གྲུ་བཞི་མ་ཁྲི10ཁྱབ་གདལ་གཏང་དགོས། སྤྱི་པའི་སྒྲིག་གཞི་ལྷད་མེད་ཐཱན་ཉུང་ཅན་དུ་སྒྱུར་ཚད་མགྱོགས་སུ་གཏོང་བ་དང་། གྲོན་ཆུང་ཅན་གྱི་ལས་ཁུངས་དང་ལྷད་མེད་ཁྱིམ་ཚང་། ལྷད་མེད་སློབ་གྲྭ། ལྷད་མེད་སྤྱི་ཁུལ་གསར་འཛུགས་བྱ་སྤྱོད་ལག་ལེན་མཐར་ཕྱིན་སྤེལ་དགོས། ནགས་ཚལ་དང་རྩྭ་ཐང་། འདམ་ར་བཅས་ཀྱི་ཐཱན་སྡུད་ཐོན་ཁུངས་གསར་སྤེལ་དང་དོ་དམ་བྱེད་ཐབས་ལག་ལེན་ནན་པོར་བསྟར་ཏེ་“ནགས་ཚལ་གྱི་མཛོད་བཞི”འཛུགས་པར་སྐུལ་བ་དང་། དར་མདོ་དང་གསེར་རྟའི་ནགས་རྩྭའི་ཐཱན་སྡུད་ཚོད་ལྟ་འགྲུབ་པར་བྱ་དགོས།



སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༥༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10