2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༥༽

        2025-01-10

ལྔ། བདེ་འཇགས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་ཡུན་རིང་བདེ་འཁོད་ཡོང་བར་བསྐུལ་དགོས།


    དུས་བདེའི་དཀར་མཛེས་ཁུལ་ཤུགས་ཡོད་རྒུས་བསྐྲུན་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་གཙོ་ཕྱོགས་ཀྱི་འདུ་ཤེས་དམ་པོར་བཅང་བ་དང་། བརྟན་ལྷིང་སྲུང་བ་འགན་འཁྲི་ཨང་དང་པོར་མཐའ་གཅིག་ཏུ་བརྩི་བ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་། བརྟན་ཐོག་ཡར་འཕེལ།  འཇམ་རྩུབ་མཉམ་འདེགས། རྨང་རྒྱུན་རབ་བརྟན།  ཐོལ་བྱུང་གཙང་གཅོད་བཅས་རྒྱུན་འཁྱོངས་ཏེ། ལྟ་བ་གསལ་སྟོན་གྱིས་སིམ་འཛུལ་དང་འཇིགས་སྐུལ། ཁ་ཕྲལ། ཆོས་ལོག་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་སྤེལ་བ་དང་། གསང་འཕྲིན་ཐིག་པ་དང་སྔོན་མཐོང་སྔ་བ། ཐག་གཅོད་འགྲིག་པ་བཅས་བྱས་ནས་ཆབ་སྲིད་བདེ་འཇགས་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།“ཟབ་བཅོས་སྐྱོང་མཁས”ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཚན་རྩལ་ཆ་འཕྲིན་ཅན་གྱིས་དངོས་འཐབ་ལ་ནུས་པ་སྤྲོད་པའི་ལྟེ་གནས་འཛུགས་པ་དང་། “ཆེད་ལས་དང་ལམ་སྲོལ། ཨང་ཀི་ཆེན་པོ” བཅས་ཟུང་དུ་སྦྲེལ་བའི་ ཉེན་རྟོག་ལས་དོན་སྤེལ་སྟངས་གསར་པ་འཚོལ་ཞིབ་བྱེད་ཅིང་། རྒྱུན་རྣམ་ལྡན་པའི་སྒོ་ནས“ནག་སེལ་གཤེད་འཇོམས”བྱེད་པ། ཁང་པ་ལ་བརྟེན་ནས་མ་དོ་དམ་དང་། ཁང་པར་བརྟེན་ནས་ཞབས་འདེགས་ཞུ་བ། ཁང་པར་བརྟེན་ནས་མཐིལ་ཚད་སྲུང་བ་བཅས་ཁང་གསུམ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་སྐུལ་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་འཕེལ་གཏང་བ། ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བརྒྱད་པ་མཐར་ཕྱིན་སྤེལ་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས།


    ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་དགོས། “གཞི་རྩ་གསུམ”གྱི་འདུ་ཤེས་རྒྱུན་འཁྱོངས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་ཧུར་ཐག་བྱ་དགོས། སྤྱི་ཚོགས་དོ་དམ་དགོན་སྡེར་སྤེལ་བར་སྐུལ་བ་དང་། ཁྲིམས་ལྟར་དོ་དམ་ཚད་ལྡན་དུ་གཏང་བར་ཤུགས་བསྣན་དགོས། ཆོས་ལུགས་བྱེད་སྒོ་མ་སྤེལ་སྔོན་ལ་ཁྲིམས་ལུགས་སྦྱོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་ཅིང་། འགན་འཛིན་མི་སྣ་དང་ཆོས་ལུགས་སྤེལ་ས་དང་། ཆོས་ལུགས་བྱེད་སྒོ། ནོར་ཁྲལ་ལྟ་སྐུལ་སོགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སྤྱི་པའི་ཞབས་ཞུ་དགོན་སྡེར་སྤེལ་བར་སྐུལ་བ་དང་། རྨང་གཞི་སྒྲིག་བཀོད་དང་། ཁང་པ་ཉེན་ཅན་བསྒྱུར་བཀོད། རིག་དངོས་སྲུང་སྐྱོང་སོགས་ཀྱི་དཀའ་ངལ་བསལ་བ་དང་། དཀའ་ངལ་ཡོད་པའི་གྲྭ་བཙུན་གྱི་སྨན་བཅོས་ཉེན་སྐྱོབ་དང་། མ་མཐའི་འཚོ་སྐྱོང་འགན་ལེན་སོགས་སྤྱི་ཚོགས་འགན་སྲུང་བྱ་དགོས་ཚད་བྱེད་ཐུབ་དགོས། ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་སློབ་གསོར་ཤུགས་རྒྱག་པ་དང་། ལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོ་བྱེད་སྒོ་མཐར་ཕྱིན་སྤེལ་ནས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་དཀར་མཛེས་ལག་ལེན་ལ་བསྐུལ་དགོས།


    སྤྱི་བའི་བདེ་འཇགས་དམ་འཛིན་ནན་ཞིབ་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གནོད་འཚེ་དང་དོན་རྐྱེན་ཤུགས་ཡོད་རྒུས་འགོག་ཟོན་བྱ་དགོས། ཆེད་ལས་མེ་གསོད་རུ་ཁག་དང་མང་ཚོགས་ཟུང་འབྲེལ་ངང་མེ་ཟོན་བྱ་རྒྱུ་དང་། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ། ས་ཁོངས་ཡོངས་ལ་མེ་སྐྱོན་བསལ་བ། “གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས་དང་ཐད་འབྲེལ་བཞི”དང“མེ་སྤྱོད་སྙན་སེང་གཉིས་ཀྱི་ལམ་ལུགས”སོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དུས་བདེ་དཀར་མཛེས་ཁུལ་གྱི་མ་ལག་འདུས་གྲུབ་ལས་སྟེགས་ཀྱི་གོང་ནས་འོག་ལ་ཉེན་སྟོན་དང་འོག་ནས་གོང་ལ་ཕྱིར་སློག་པ།AIམི་བཟོས་རིག་ནུས་དང་དྲྭ་ཕྱིར་མཉམ་འབྲེལ་ལས་རེས་ཀྱི་མེ་ཟོན་དཔེ་དུམ་བེད་སྤྱོད་གང་ལེགས་བྱས་ཏེ། གློག་འདྲེན་སྦྱོར་སྒྲིག་ཆས་ཀྱི་མེ་སྐྱོན་འགོག་ཟོན་གྱི་གནས་སྐབས་གཏན་འབེབས་ལག་ལེན་བསྟར་ནས། ཞོད་འགོག་མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པ་དང་། དོ་དམ་བྱེད་མཁན་ཡོད་པ་དང་གྲབས་སྦྱོང་བྱེད་མཁན་ཡོད་པ། འབོད་མཁན་ཡོད་པ་བཅས་ཀྱི་བརྒྱུད་ལམ་གསུམ་གྱི་ལས་དོན་བྱེད་ཐབས་དང་། “ལུང་པའི་དཔོན་པོ་དང་ས་ཚུགས་ཀྱི་དཔོན་པོ་ཟུང་དུ་སྦྲེལ་བའི”འགན་འཁྲིའི་ལམ་ལུགས། སྲོལ་རྒྱུན་གྱི་བྱེད་ཐབས་དང་ཚན་རྩལ་གྱིས་ནུས་པ་སྤྲོད་པ། ཉེན་གཡོལ་དཔེ་མཚོན་ཡག་པོར་བྱ་དགའ་ཆེན་པོ་སྤྲོད་པ་བཅས་ཀྱི་བྱེད་ཐབས་བཙན་པོ4བེད་སྤྱོད་ཡག་པོ་བྱེད་ཅིང་། ས་གཤིས་གནོད་འཚེ་ལས་གཞི་བཅོས་སྐྱོང་དང་ཉེན་སེལ་གནོད་སེལ། ཞོད་སྐྱོན་འགོག་བཅོས་བཅས་ཀྱི་ལས་ཚན25བསྐྲུན་ཐུབ་པ་བྱ་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན། དན་གྲངས་ཐོན་ཁུངས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་ས་ཁོངས་རང་འགུལ་གནམ་གཤིས་ས་ཚུགས314སྒྲིག་སྦྱོར་བྱ་རྒྱུ་དང་། གནམ་གཤིས་རེག་བརྡ་དང་བྱང་སྐར་འཚོལ་ཞིབ་ས་ཚུགས། ས་རྨང་རྒྱང་ཚོར་དྲང་འཕྱང་ལྟ་དཔྱད་ཚད་ལེན་མ་ལག་སོགས་སྒྲིག་ཆས7གསར་དུ་བསྣན་དགོས། དོན་རྐྱེན་སྔོན་འགོག་ལ་མཐའ་གཅིག་ཏུ་གཟབ་ནན་བྱེད་པ་དང་།“ལས་ཡུལ་སྟོབས་ཆེན་དུ་གཏོང་བ་དང་། སྟབས་བསྟུན་ཞིབ་བཤེར་གཉིས་བྱེད་པ། ཐད་འབྲེལ་བཞི་ལག་ལེན་བསྟར་བ། ཆེད་ལས་མི་སྣ་བདམས་པ། དམིགས་བསལ་ལྟ་སྐྱོང་བྱེད་པ། མ་འཇོག་བཙན་པོར་གཏོང་བ།”བཅས་དཀར་མཛེས་ཁུལ་གྱི་དོན་ཚན་དྲུག་གི་བླང་བྱ་དོན་ལ་ཞིབ་ཕྲ་འཁྱོལ་བ་དང་།གཞུང་ལམ་འགྲིམ་འགྲུལ་དང་། མེ་ཟོན་ཉེན་མེད། རྡོ་སོལ་མིན་པའི་གཏེར་རི། འཛུགས་སྐྲུན་ཨར་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། དམིགས་བསལ་སྒྲིག་ཆས་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་ཚགས་བཤེར་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས། དོན་རྐྱེན་ཚབས་ཆེན་མི་ཐོན་པའི་མཐིལ་ཚད་བསྲུང་ཐུབ་དགོས། ཟས་རིགས་དང་སྨན་རྫས་ཀྱི་ཉེན་ཁ་འགོག་ཟོན་ནན་པོ་བྱ་དགོས། དངུལ་རྩ་སོགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱ་དགོས།




སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༦༽
  • ལེ་ཚན་རྗེས་མ།:2025ལོར་ཁུལ་སྲིད་གཞུང་གིས་ལས་དོན་འདི་འདྲ་བསྒྲུབ་རྩིས་ཡོད།༼༤༽
  • དོ་སྣང་ཆེ་བའི་རྩོམ།