2025-01-10
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ཇུས་འགོད་ཀྱི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོར་སྒྲུབ་པར་གལ་འགངས་ཤིན་ཏུ་ཆེ་ལ་དོན་སྙིང་ཡང་ཧ་ཅང་ཆེ། གཙོ་གནད་དུ་ཕྱོགས་དྲུག་ཐད་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས། གཅིག། དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ནས་དམངས་ཡོངས་ཀྱིས་མཉམ་དུ་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པར་བསྐུལ་དགོས། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་དགོས། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་པ་དང་། ནོར་ཁྲལ་དང་དངུལ་རྩ། གཞུང་ཁོངས་ཁེ་ལས་དང་། ཞིང་ལས་དང་ཞིང་སྡེ། ཚན་སློབ་དང་རིག་གནས་འཕྲོད་བསྟེན། སྐྱེ་ཁམས་དཔལ་ཡོན། བདེ་འཇགས་འཚུབ་བསྟུན། གྲོང་ཡུལ་མཉམ་འདྲེས། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏང་བར་གཅིག་གྱུར་འཆར་འགོད་བྱ་དགོས། ཁུལ་དང་རྫོང་གི་ནོར་སྲིད་ཡོང་འབབ་མཉམ་དུ་ལོངས་སྤྱོད་ཀྱི་བསྒྱུར་བཅོས་ལ་འཚོལ་ཞིབ་བྱས་ནས་སྔོན་རྩིས་དོ་དམ་བསྒྱུར་བཅོས་ཟབ་ཏུ་སྤེལ་དགོས། སྤྱི་ཁོག་དངུལ་རྩའི་སྲིད་ཇུས་དོན་ལ་འཁྱོལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ལག་ཆ་བེད་སྤྱོད་ཡག་པོ་བྱེད་ཅིང་། དངུལ་སྡུད་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཞིང་། ཐད་ཀར་དངུལ་སྡུད་ཀྱི་བསྡུར་ཚད་མཐོ་རུ་གཏང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་བསྒྱུར་བཅོས་ལས་འགན30ལེགས་པར་བསྒྲུབས་ནས། ཁུལ་ཁོངས་ཀྱི་གཞུང་ཁོངས་ཁེ་ལས་ཐོན་ལས་མ་འཇོག་དང་འཛུགས་སྐྲུན་མ་འཇོག་ཚོགས་པ་ཆེན་པོ་གཉིས་ལ་ཟླ་བསྒྲིལ་གཏང་རྒྱུ་དང་། ཉི་སྟེན་ལྗོངས་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་དང་རང་ཁུལ་དུ་ལྷག་པའི་གློག་ཚད་བརྩོན་སྐུལ་རང་བཞིན་གྱི་སྒྲིག་བཀོད་བསྒྱུར་བཅོས་འགྲུབ་པར་བྱ་རྒྱུ་དང་། ལུང་དཀར་ལུང་པ་ལྗོངས་ཁུལ་གྱི་བརྩོན་སྐུལ་ལམ་སྲོལ་བསྒྱུར་བཅོས་ལ་འཚོལ་ཞིབ་བྱ་དགོས། ལྕགས་ཟམ་རྫོང་གི་རང་ཚུགས་གློག་འདོན་དྲ་བ་སྒྱུར་བཀོད་འགྲུབ་པར་བྱ་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ཚང་རྗེས་ད་དུང་ལོ30རིང་དུ་གཏོང་བའི་ཚོད་ལྟ་བྱ་དགོས། སྒོ་འབྱེད་མཉམ་ལས་ཤུགས་ཆེན་སྤེལ་བ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་ཅིང་། ཁྲེང་ཏུའུ་དང་། མེན་ཧྲན། དབྱི་པིན། སུའེ་ཉིང་། གཡག་རྔ་སོགས་དང་ས་ཁོངས་བརྒལ་བའི་བཟོ་ལས་མཉམ་གླིང་ཁུལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་མཐའ་འབྲེལ་ས་ཁུལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏང་དགོས། ཕྱི་རུ་བསྐྱོད་དེ་གནས་མཆོག་དཀར་མཛེས་སྐད་གྲགས་ཆེ་རུ་གཏོང་བ་དང་ཁེ་ལས་མིང་གྲགས་ཆེ་བ་དཀར་མཛེས་ཁུལ་དུ་དྲངས་པའི་ཚོང་འགུགས་གནད་ལ་སྨིན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཤུགས་ཆེ་རུ་བཏང་ནས་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར135རག་གང་ཐུབ་བྱ་དགོས། ནང་མཁོའི་མི་མངོན་པའི་གཏིང་ཤུགས་བསྔོགས་ནས་གཏང་དགོས། ལས་ཚན་བཀོད་འདོམས་པུའུ་དང་། ལས་སྣོན་བཟོ་གྲྭ། དུས་འགོའི་མ་དངུལ་བཅས་ཀྱི་བེད་སྤྱོད་ཡག་པོ་བྱས་ནས། སྤུས་ཚད་མཐོན་པོའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་ལེགས་པར་འགྲུབ་རྒྱུ་དང་། ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་ཚན200འཛུགས་སྐྲུན་བྱ་རྒྱུ་དང་། དེའི་ནང་ལས་ཚན75དང་འགོ་འཛུགས་པ་དང་། འཕྲོ་སྐྲུན་ལས་ཚན125དང་། ལས་མཇུག་འགྲིལ་བའི་ལས་ཚན50ཡོད། དམངས་གཉེར་དཔལ་འབྱོར་གྱི་དོན་ཚན 10ལག་ལེན་མཐར་ཕྱིན་བསྟར་བ། ལས་རིགས་གཙོ་གཉེར་སྡེ་ཁག་དང་ཁུལ་ཁོངས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་གཞི་ཁྱོན་ཚད་གཞིར་བསླེབས་པའི་ དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ལ་དངུལ་སྡུད་ཐད་ཆ་སྒྲིག་རོགས་སྐྱོར་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། དམངས་གཉེར་ཁེ་ལས་སྲིད་གཞུང་གི་འཛུགས་སྐྲུན་ལས་ཚན་དུ་ཞུགས་པར་སྐུལ་མ་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བསྐུལ་དགོས། འཛད་སྤྱོད་ཁྲོམ་ར་སྲ་བརྟན་ཡོང་བ་དང་གསོན་ཤུགས་བསླང་དགོས་ཤིང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་མུ་མཐུད་དེ་སྤེལ་བ་དང་། འཛད་སྤྱོད་ལ་སྐུལ་སྤེལ་ བྱེད་སྒོ་ཐེངས160ཡན་ལ་སྤེལ་རྒྱུ་དང་། གནས་མཆོག་དཀར་མཛེས་ཀྱི་རླངས་འཁོར་གྲོང་ཁྱེར་དང་རྫོང་ཁོངས་ཀྱི་ཚོང་ལས་རྣམ་གྲངས51དང་། ཡིད་རྟོན་འཛད་སྤྱོད་ཁྲོམ་ལམ་དང་ཚོང་ཁང30དང་། ཐོན་ཡུལ་ངོ་མའི་ཚོང་ཁང་གཙོ་གྲས5བཅས་བསྐྲུན་ཐུབ་བྱས་ཏེ། དཀར་མཛེས་ཁུལ་གྱི་ཞིང་པའི་ཁྱད་ཆོས་ཐོན་རྫས་ཀྱི་དྲྭ་ཐོག་གི་ཚོང་ཁང་གཙོ་གྲས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་། མི་མེད་གནམ་གྲུའི་དངོས་ཟོག་སྐྱེལ་འདྲེན་བཀོལ་སྤྱོད་དང་དམའ་མཐོངས་སྤྱི་པའི་ཞབས་ཞུའི་བཀོལ་སྤྱོད་ཀྱི་ཚོད་ལྟ་བྱ་དགོས། སྦྲག་སྐྱེལ་གྲོང་ཚོར་ཡོངས་ལ་ཁྱབ་ཐུབ་པར་བརྩོན་ལེན་བྱ་དགོས། སྒེར་གཉེར་བཟོ་ཚོང་དུད་ཚང60ཁེ་ལས་ལ་བསྒྱུར་བ་དང་། གཞི་ཁྱོན་ཚད་གཞིར་སླེབས་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས3དང་། བཅད་གྲངས་ཡན་གྱི་ཚོང་ལས་ཉོ་ཚོང་སྡེ་ཚན23བཅས་གསར་དུ་འཕར་བ་བྱ་དགོས། རིག་གནས་ཡུལ་སྐོར་གྱི་སྤུས་རིམ་སྤར་དགོས། མིག་ཕྱེ་བ་ན་ཡོད་ཚད་མཛེས་ལྗོངས་དང་མིག་བཙུམས་པ་ན་བཀྲ་ཤིས་དཔལ་གྱིས་གང་བ་ཞེས་པར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་འདེགས་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤར་རྒྱུད་རི་བོ་གངས་དཀར་དང་དུང་དཀར་ལུང་པས་གཙོ་བོ་བྱེད་པ་དང་། ནུབ་རྒྱུད་དགེ་བསྙེན་ཆེན་མོ་དང་མཚོ་ཕུ། ལྷོ་རྒྱུད་འདབ་པའི་ཉི་སྟེན་དང་། བྱང་རྒྱུད་གླིང་གེ་སར་དང་སྡེ་དགེ་པར་ཁང་བཅས་སྐུལ་ཤུགས་སུ་བྱེད་པ། རི་བོ་འཕྲེད་རྒྱུག་ཆེན་མོ་དང་ཡུལ་ལྗོངས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་ཀྱིས་སྤྱི་འདོམས་བྱེད་པའི“སྐོར་ལམ་བཅུ་གཅིག་དང་གཙོ་ལམ་བཅུ”ཡི་ཡུལ་སྐོར་ལམ་ཕྱོགས་སྤུས་དག་བཟོ་དགོས། གདན་ཐོག་རི་བོ་དང་རོང་བྲག་གི་གདོང་སོགས་གཙོ་གནད་ལྗོངས་ཁུལ་འཛུགས་སྐྲུན་བྱ་དགོས། རི་བོ་གངས་དཀར་ཆེན་མོའི་མི་ཆོས་ཡུལ་སྐོར་བྱ་ཡུལ་གྱི་འཛུགས་སྐྲུན་ལས་ཚན5དང་ཤམ་བྷ་ལ་ཆེན་མོའི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས9ལག་ལེན་བསྟར་རྒྱུ་དང་། དགེ་བསྙེན་ལྷོ་ཕྱོགས་ཀྱི་འཁོར་གཏོང་ཡུལ་སྐོར་གྱི་སྒྲིག་ཆས་ལེ་ལག་ཆ་འགྲིག་འཐུས་ཚང་དུ་གཏང་བ་དང་། གློག་སྒྲོམ360འཛུགས་པ་དང་། རྒྱལ་ལམ318པའི་རྒྱུ་ལའི་ལམ་མཚམས་དང་ཉག་ཆུ་རྫོང་གི་གནམ་འབྲུག་མཚེའུ་ལྗོངས་ཁུལ་སོགས་ཡུལ་སྐོར་ས་ཚུགས་སུ་མཐོ་གྲང་ཐཱན་མེད་ཤག་བཀོལ་སྤྱོད་ཚོད་ལྟ་བྱ་དགོས། དར་མདོ་རྒྱལ་སྤྱིའི་འགྲན་བསྡུར་རིམ་པའི་གངས་ཤུད་ལུས་རྩལ་ལྟེ་གནས་འཛུགས་སྐྲུན་ལ་ཇུས་འགོད་བྱེད་ཅིང་། ལུང་དཀར་ལུང་པའི་འཁྱགས་ཀླུང་གངས་ཤུད་ར་བ་སྐྲུན་པའི་འགོ་ཚུགས་པ་དང་། གངས་དཀར་ལྷ་ཆབ་ཆུ་ཚན་མགྲོན་ཁང་བསྐྱར་དུ་གཉེར་བ་དང་། འབྲུ་ལྔའི་བདུད་རྩི་དར་མདོའི་རིག་གནས་ཡུལ་སྐོར་མགྲོན་ཁང་དང་འདབ་པའི་ཆུ་ཚན་མགྲོན་ཁང་འཛུགས་པར་སྐུལ་བ་དང་། མགྲོན་ཁང་སྤུས་ལེགས་དང་གནས་ཚང་རིམ་པ་ཅན་ཚན་འབོར་ཞིག་སྐྱོང་ཤུགས་ཆེ་་རུ་གཏང་དགོས། བདེན་གཙང་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་བ་དང་། ཁ་དན་ཚིག་ལ་གནས་པར་སྐུལ་མ་དང་ཡིད་རྟོན་ཤོར་བ་ཕྱིར་འབུད་དགོས་པ་རྒྱུན་འཁྱོངས་ཤིང་། ཡུལ་སྐོར་ཁྲོམ་རར་རྒྱུན་རྣམ་ལྡན་པའི་སྒོ་ནས་ལྟ་སྐུལ་དོ་དམ་བྱེད་ཅིང་། འཛད་སྤྱོད་རྩོད་གླེང་སྔོན་ལ་སྐྱིན་ཚབ་སྤྲོད་པའི་བྱེད་ཐབས་དོན་ལ་འཁྱོལ་བ་དང་། གསར་སྤེལ་དང་སྒོ་དབྱེ་མེད་པའི་ས་ཁོངས་ཀྱི་ཡུལ་སྐོར་བྱེད་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། གངས་དཀར་གཟེངས་བུམ་གྱི་རྐང་གྲུག་འགྲན་སྡུར་སྐབས་གཉིས་པ་དང་། ཀྲུང་གོ་དཀར་མཛེས་རི་བོ་གངས་དཀར་སྐོར་བའི་སྤྱི་ལེ་བརྒྱའི་རྒྱལ་སྤྱིའི་རི་ཀླུང་ཕྱི་རོལ་ལུས་རྩལ་འགྲན་སློང་འགྲན་སྡུར་གཉེར་བ་དང་། སི་ཁྲོན་རིའི་རྒྱལ་པོ། རི་བོ་གངས་དཀར་ཞལ་སྟོང་ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོག་པ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་མོ་འདུ་ཚོགས་དང་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན(གངས་དཀར་སྒྱུ་རྩལ་དུས་ཆེན)སོགས་འདུ་ཚོགས་དང་དུས་ཆེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི4300ཡན་ལ་སྣེ་ལེན་བྱ་ཐུབ་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར470ཡན་རག་གང་ཐུབ་བྱ་དགོས། ནུས་རྒྱུ་གཙང་མ་རྒྱ་སྐྱེད་འབོར་འཕར་ཡོང་བར་བྱ་དགོས། རི་མཛེས་ཆུ་དྭངས་ཡུལ་ལྗོངས་ཡག་པར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་མཉམ་ལས་འཕེལ་རྒྱས་གཏོང་ཡུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་རྒྱུ་གཙང་མ་གསར་སྤེལ་དང་གློག་དྲྭར་མ་འཇོག་སྒོར་དུང་ཕྱུར150ལེགས་གྲུབ་གང་ཐུབ་བྱ་རྒྱུ་དང་། ནུས་རྒྱུ་གཙང་མ་འཕྲུལ་འདོན་གློག་ཚད་སྟོང་ཝོལ་ཁྲི309དང་གློག་ཤུགས་ཕྱིར་སྐྱེལ་ནུས་པ་སྟོང་ཝོལ་ཁྲི800གསར་དུ་འཕར་བར་བྱ་དགོས། འབའ་ཐང་དང་རྟའུ་ཡི་སྐམ་ལ་ཞིང་བཅས་3ཡི་འཕྲུལ་གློག་འདོན་ཚད་སྟོང་ཝོལ129ཡིན་པའི་ཆུ་ཤུགས་གློག་ཁང་བསྐྲུན་གང་ཐུབ་བྱ་རྒྱུ་དང་། ཞོལ་ལུང་དང་སྨད་རྟིང་ལུང་སོགས་11ཡི་འཕྲུལ་གློག་འདོན་ཚད་སྟོངཝོལ804ཡིན་པའི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་མགྱོགས་པོར་བྱ་དགོས། སྤུངས་རྩེ་ར་དང་རོང་བྲག། ཉ་སྐེ་རིམ་པ་གཉིས་པ་སོགས་6ཡི་འཕྲུལ་གློག་འདོན་ཚད་སྟོང་ཝོལ577ཡིན་པའི་ཆུ་ཤུགས་གློག་ཁང་སྐྲུན་པའི་ཆོག་མཆན་རག་གང་ཐུབ་བྱེད་པ་དང་། སྐམ་ཐོག་སོགས་3གྱི་འཕྲུལ་གློག་འདོན་ཚད་སྟོང་ཝོལ302ཡིན་པའི་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་དགོས། རྟའུ་དང་ཉག་རོང་། གསེར་རྟ་སོགས་ཀྱི་5ཡི་འཕྲུལ་གློག་འདོན་ཚད་སྟོང་ཝོལ180ཡིན་པའི་འོད་ཤུགས་ལས་ཚན་བསྐྲུན་ཐུབ་པ་བྱ་རྒྱུ་དང་། ཕྱག་ཕྲེང་དང་། ལི་ཐང་། སྡེ་དགེ་སོགས་རྫོང10 ཡི་འོད་ཤུགས་གློག་སྟོང་ཝོལ་ཁྲི1000ལས་བརྒལ་བའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏང་དགོས། འོད་ཤུགས་གསར་སྤེལ་དུས་མཇུག་གི་དམངས་ཕན་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། རྟའུ་དང་ཆུ་གཉིས་མདོའི་ཆུ་འཐེན་ནུས་གསོག་གློག་ཁང་མགྱོགས་པོར་འཛུགས་པ་དང་། དཀར་མཛེས་དང་ཉག་རོང་། ལི་ཐང་སོགས་ཀྱི་5ཡི་འཕྲུལ་གློག་འདོན་ཚད་སྟོང་ཝོལ600ཡིན་པའི་ཆུ་འཐེན་ནུས་གསོག་ལས་ཚན་གྱི་དུས་འགོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་དགོས། ཁུལ་ཡོངས་ཀྱི་རླུང་ནུས་འཆར་འགོད་སྒྲིག་བཟོ་ལེགས་གྲུབ་ཡོང་བ་བྱ་དགོས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྟོང་ཝོལ800ཡི་ཐད་རྒྱུག་ཆེས་མཐོ་གློག་གནོན་དང་འབའ་ཐང་གི་སྟོང་ཝོལ500ཡི་གློག་ཕྱིར་འདྲེན་ལས་གཞི་བསྐྲུན་ཚར་བ་བྱ་རྒྱུ་དང་། རྟའུ་དང་གཡས་པ་ཐང་གི་སྟོང་ཝོལ500ཡི་གློག་ཕྱིར་འདྲེན་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏང་རྒྱུ། དཀར་མཛེས་ལྷོ་རྒྱུད་དང་དཀར་མཛེས་ནུབ་རྒྱུད། ལི་ཐང་བཅས་ཀྱི་སྟོང་ཝོལ500ཡི་གློག་འདྲེན་སྒྱུར་ལས་གཞིའི་དུས་འགོའི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས། ཆིང་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི་བཟོས་ནས། འོད་དང་ཆིང་། དབྱང་། གློག། ཚ་ཆུ་བཅས་ནས་མཉམ་འབྲེལ་མཁོ་སྤྲོད་ཀྱི་ཚོད་ལྟ་བྱ་དགོས། རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་གནད་བརྟོལ་འཐབ་ཇུས་བྱ་སྤྱོད་མཐར་ཕྱིན་སྤེལ་བ་དང་། ལིས་ཐོན་ཁུངས་སྦགས་མེད་གསར་སྤེལ་ཚོད་ལྟ་ཁུལ་ལ་བསྐུལ་དགོས། སྦགས་མེད་གཏེར་རིའི་མིག་དཔེ་དང་། མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན། བཟོ་ལས་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་འཛུགས་སྐྱོང་བྱ་རྒྱུ། ཨང་ཀའི་དཀར་མཛེས་ཁུལ་གྱི་མི་བཟོས་རིག་ནུས་སྟེགས་བུ་བསྐྲུན་པ་དང་། དུས་བདེའི་དཀར་མཛེས་ཁུལ་གྱི་མ་ལག་འདུས་གྲུབ་སྟེགས་བུ་འཐུས་ཚང་དུ་གཏང་དགོས། བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་ཅན་དུ་བསྒྱུར་བཀོད་དང་ཨང་ཀི་ཅན་དུ་སྒྱུར་བའི་ལས་ཚན9ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་ཨང་ཀིའི་ཡུལ་སྡེའི་ཚོད་ལྟའི་ལས་ཚན8འཛུགས་སྐྲུན་བྱ་རྒྱུ། རྩིས་ཤུགས་ཐོན་ལས་གསོ་སྐྱོང་དང་འབྲི་ཆུ་དང་ཉག་ཆུ་འབབ་རྒྱུད་ཀྱི་རྩིས་གློག་མཉམ་འདྲེས་རྟེན་གཞི་འཛུགས་སྐྲུན་ཇུས་འགོད་བྱ་དགོས། ཞིང་ལས་ཁྱད་ཆོས་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དང་སྤུས་ཚད་སྤར་དགོས། དུས་ཚིགས་གཅིག་ཤོར་བ་ཡིན་ན་རྗེས་དྲན་ལོ་གཅིག་བྱ་དགོས་ཞེས་པར་དམིགས་ནས། ལྷད་མེད་སྐྱེ་ལྡན་ཐོན་ལས་ཁྱུ་ཚོགས་བསྐྲུན་པ་དང་། དཀར་མཛེས་ཁུལ་གྱི་ཚད་གཞི་བཟོ་བ་དང་དཀར་མཛེས་ཁུལ་གྱི་གྲགས་རྟགས་གཏོད་པ། སྐྱེ་ལྡན་ཐོན་རྫས་ཀྱི་མིང་གྲགས་ཆོད་ཚད་དང་མཚན་སྙན་དར་ཚད། འགྲན་རྩོད་ནུས་པ་བཅས་ཆེ་རུ་གཏང་དགོས། རྒུན་ཆང་དང་ནོར་གནག་སོགས་ས་གནས་ཀྱི་ཚད་གཞི5ཞིབ་འཇུག་དང་གཏན་ལ་དབབ་རྒྱུ་དང་། ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག་གི་ཞིང་ལས་ཐོན་རྫས30ཡན་གསར་དུ་དཔང་གཅོད་བྱ་རྒྱུ། ལྷད་མེད་སྐྱེ་ལྡན་དཔང་ཡིག30གསར་སྣོན་བྱ་དགོས། ནོར་གནག་ཐོན་ལས་ཁྱུ་ཚོགས་ཀྱི་ལས་ཚན26 སྤེལ་བ་དང་མ་དངུལ་སྒོར་དུང་ཕྱུར4.13གཏང་རྒྱུ། རྩྭ་འདེབས་དང་གསོ་སྤེལ། ལས་སྣོན། བྲིན་འཚོང་། འབྲོག་ཁུལ་ཡུལ་སྐོར་བཅས་གཞི་གཅིག་ཏུ་གྱུར་པའི་དེང་རབས་ཅན་གྱི་འབྲོག་རའི་ཚོད་ལྟ་བྱ་ཡུལ6འཛུགས་པ་དང་། མིས་བཟོས་གཟན་རྩྭ་མུའུ་ཁྲི50འཕེལ་རྒྱས་གཏང་དགོས། བོད་ཕག་པའི་ཐོན་ལས་ལས་ཚན7ལག་ལེན་བསྟར་རྒྱུ་དང་མ་དངུལ་སྒོར་ཁྲི2037བཏང་ནས་འདེབས་གསོ་འཁོར་རྒྱུག་ལྷད་མེད་སྐྱེ་ལྡན་ལུད་རྫས་བཟོ་གྲྭ2བསྐྲུན་པ་དང་ཕག་ཁྲི21ཡན་བཤས་རར་གཏང་ཐུབ་པ་བྱ་དགོས། རྒུན་ཆང་མཐུན་ཚོགས་འཛུགས་པ་དང་། ཆང་སྙོལ་རྒུན་འབྲུམ་འདེབས་ཁྱོན་མུའུ1200གསར་དུ་སྤར་དགོས་ཤིང་། རྒུན་ཆང་སྤུས་ལེགས་ཀྱི་ཟོང་རྟགས་སྐྱེད་སྲིང་བྱེད་ཅིང་། ཐོན་ལས་གསུམ་མཉམ་འདྲེས་ཀྱི་རྒུན་ཆང་ཆང་གཞིས་གནས་ཚང་སྤུས་དག་ཁག་གཅིག་གསར་དུ་འཛུགས་པ་དང་། སྡེ་རོང་ཝ་ཁ་དང་རོང་བྲག་གི་སོག་པོ་སོགས་རྒུན་ཆང་སྤུས་ལེགས་ཀྱི་ཐོན་ལས་གྲོང་རྡལ་འཛུགས་སྐྱོང་བྱ་རྒྱུ་དང་། སྡེ་རོང་དང་ཕྱག་ཕྲེང་། འབའ་ཐང་། རོང་བྲག་བཅས་གཙོས་པའི་རྒུན་ཆང་འགྲུལ་བཞུད་འཕེལ་རྒྱས་གཏང་ཞིང་། ཨ་རག་དམར་པོའི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར2ལ་བསླེབ་པར་བྱ་རྒྱུ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཉེན་མེད་ཀྱི་འགན་འཁྲི་ལམ་ལུགས་ལག་ལེན་ནན་པོར་བསྟར་བ་དང་། ཚད་གཞི་མཐོན་པོའི་ཞིང་མུའུ་ཁྲི6000བཟོ་བ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི100ཡན་ལ་བརྟན་ཐུབ་པ་དང་། ཐོན་ཚད་ཏུའུ་ཁྲི23ཡན་ལ་བརྟན་ཐུབ་པར་བྱ་དགོས། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན6གསར་དུ་འཕར་བ་དང་། དེང་རབས་ཞིང་ལས་གླིང་ཁུལ10ཡན་འཛུགས་སྐྲུན་བྱ་རྒྱུ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཁེ་ལས་སྤྲོས་ཚོམས་བྱེད་སྒོ་སྤེལ་ནས། ངོ་དང་ངོ་ཐུག་ནས་དཀའ་གནད་བསལ་དགོས། སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10