2025-01-10
གསུམ། སྤྱི་ཚོགས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་བསྐུལ་དགོས།
རོགས་སྐྱོར་ཁྲིད་ཕྱོགས་སུ་བྱས་ཏེ་འཚོ་སྐྱོང་དམའ་སྐྱོར་ལས་ཐར་བར་བྱ་དགོས། འཚོ་སྐྱོང་དམའ་སྐྱོར་ལས་དོན་དེ་ཆས་སྲིད་ཀྱི་འགན་འཁྲི་ཆེས་ཆེ་བ་དང་དམངས་འཚོའི་ལས་གཞི་ཆེས་ཆེ་བ། འཕེལ་རྒྱས་ཀྱི་གོ་སྐབས་ཆེས་ཆེ་བ་བརྩིས་པ་རྒྱུན་འཁྱོངས་ཏེ། ཞིང་ཆེན་རིམ་པས་མཐུན་སྦྱོར་དང་དཔྱད་ ཞིབ་གདེང་འཇོག། རྫོང་རིམ་པས་ལས་དོན་སྐུལ་འདེད། ཞིང་ཆེན་རིམ་པའི་སྡེ་ཚན་གྱི་དམིགས་འཛུགས། 《བྱེད་ཐབས་བཅུ》ཡིས་“ལམ་སྲོལ་ལྔ”དོན་ལ་འཁྱོལ་བ། གཟའ་འཁོར་རེར་བཀོད་གཏོང་དང་ཟླ་བ་རེར་གྲོས་ཚོགས། དུས་ཚིགས་རེར་སྐུལ་འདེད། ལོ་རེར་ཕྱོགས་བསྡོམས་བཅས་ཀྱི་ལམ་ལུགས་ལག་ལེན་ནན་པོར་བསྟར་བ། འཚོ་སྐྱོང་དམའ་སྐྱོར་གྱི་“རྩིས་རྒྱག་ཐབས”བེད་སྤྱོད་ཡག་པོ་བྱེད་ཅིང་། དར་རྒྱས་ཞན་པའི་རྫོང་ཁོངས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་རོགས་བྱེད་པའི་སྲིད་ཇུས་དོན་ལ་འཁྱོལ་བ་དང་། ཁུལ་སྲིད་གཞུང་གིས་ལོ་རེར་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ཏེ་དར་རྒྱས་ཞན་པའི་རྫོང་ཁོངས་འཕེལ་རྒྱས་ལ་སྤྱད་རྒྱུ་དང་། ས་ཁོངས་བརྒལ་བའི་གླིང་ཁུལ་འཛུགས་པར་སྐུལ་མ་དང་། འབའ་ཐང་དང་སྡེ་རོང་གཙོས་བྱས་ཐོག་ལི་ཐང་དང་། རྟའུ། འདབ་པ་བཅས་དུས་རིམ་རང་བཞིན་གྱི་དར་རྒྱས་ཞན་པའི་རྫོང་ཁོངས་ཀྱི་གོ་གནས་ལས་ཐར་གང་ཐུབ་བྱ་དགོས།
གནས་སྡོད་འཕྲོད་པ་གཙོ་བོར་བྱས་ནས་གྲོང་ཡུལ་འཛུགས་སྐྲུན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོད་འཛིན་ཆ་རྐྱེན་གསར་པའི་འོག་གྲོང་ཡུལ་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བརྒྱབ་ནས་འཆར་འགོད་ཀྱི་དབང་གྲགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། མ་དངུལ་སྒོར་དུང་ཕྱུར9.5བཏང་ནས། དར་མདོ་དང་དཀར་མཛེས། ལི་ཐང་། འདབ་པ་སོགས་རྫོང་མཁར་གྱི་གཙོ་གནད་ལས་ཚན41བསྐྲུན་དགོས། རྫོང་མཁར་གྱི་“བཅོས་ལེགས་གསབ་ཞིབ་ཀྱི་དམངས་འཚོའི་ལས་གཞི་བཅུ”8ལག་ལེན་མཐར་ཕྱིན་བསྟར་བ་དང་། གྲོང་སྲིད་འགྲོ་ལམ་སྤྱི་ལེ48གསར་སྐྲུན་གསར་བཅོས་བྱ་རྒྱུ། ཆུ་འདྲེན་འབུད་ཆུ་སྦུག་དྲ་བ་སྤྱི་ལེ68དང་གཞིས་ཁུལ་རྙིང་ཞན་དུད་ཚང2000གསར་དུ་བཅོས་དགོས། སྔར་ཡོད་སྡོད་ཁང་གི་གློག་སྐས 20གསར་དུ་བཟོ་དགོས། མ་དངུལ་སྒོར་དུང་ཕྱུར4.8བཏང་ནས། གནས་སྡོད་འཕྲོད་པའི་ལས་གཞི་རྣམ་གྲངས16སྤེལ་བ་དང་། དྲོད་རླངས་མཁོ་འདོན་སྦུག་ལམ་སྤྱི་ལེ10དང་དྲོད་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི50དང་གསོ་རླུང་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི10གསར་དུ་འཕར་བ་བྱ་དགོས། དར་མདོའི་གུར་དྲག་དང་། ཉག་རོང་གི་གླག་རི་མ། སྡེ་དགེ་སྨན་ཤོད། དཔལ་ཡུལ་ཧོར་སྤོ་སོགས་ཁྱད་ཆོས་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་བ་དང་། ཞིང་ཆེན་རིམ་པའི་རིམ་པའི་ལྟེ་གནས་གྲོང་རྡལ་བརྒྱའི་གྲས་སུ2ཚུད་ཐུབ་པར་བྱ་དགོས། ཡུལ་སྡེ་དར་རྒྱས་གཏོང་བའི་“བརྒྱ་གཉིས་འདུ་འགོད”ལག་ལེན་མཐར་ཕྱིན་བསྟར་ནས་ཡུལ་སྡེ་དར་རྒྱས་དཔེ་སྟོན་གྲོང་ཚོ100དང་སྤུས་ལེགས་་གྲོང་ཚོ20བསྐྲུན་ཐུབ་པ་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་གནས་འཕྲོད་ལས་འཚམ་མཐུན་མཛེས་གྲོང་སྡེ60ཡན་འཛུགས་སྐྲུན་བྱ་དགོས། དར་མདོའི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟ་དང་འབའ་ཐང་གཞོན་ནུ་འཕེལ་རྒྱས་ཅན་གྱི་གྲོང་ཁྱེར་ཞིང་ཆེན་རིམ་པའི་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏང་དགོས།
ཞན་ཆ་ཁ་གསབ་བྱ་རྒྱུ་རྨང་གཞིར་བྱས་ཏེ་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས། ལས་གཞི་གལ་ཆེན་འཛུགས་པའི་ཞབས་ཞུའི་འགན་སྲུང་དམ་འཛིན་ཡག་པོ་བྱེད་པ་དང་། བཀོད་འཇོག་ས་ཚུགས6དང་ཁེ་ལས་དང་དོན་ལས་སྡེ་ཚན3གྱི་ཚབ་འཛུགས་མགྱོགས་སུ་གཏང་རྒྱུ། རླངས་འཁོར་འབབ་ཚུགས་ཀྱི་ཕྱིར་འབྲེལ་འགྲོ་ལམ་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་བསྐུལ་དགོས། འབའ་ཐང་གི་སྤྱི་སྤྱོད་གནམ་ཐང་གི་དུས་འགོའི་ལས་དོན་མགྱོགས་པོར་སྤེལ་དགོས། འགྲིམ་འགྲུལ་འཛུགས་སྐྲུན་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2025 ལོ་ནས2027ལོའི་བར་) ལག་ལེན་བསྟར་བ་དང་། མ་དངུལ་སྒོར་དུང་ཕྱུར100ཡན་གཏང་ཐུབ་དགོས། ལྕགས་ཟམ་ཁ་དང་སྲིབ་སྨད་བར། དར་མདོ་དང་ར་རྔ་ཁ་བར་གྱི་བརྒལ་མཚམས་སོགས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་བ་དང་། བྲག་མགོ་དང་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་པ། སེར་ཤུལ་ནས་མཚོ་སྔོན་ཡུལ་ཤུལ་དང་། འདབ་པ་ནས་ས་དམ(སི་ཁྲོན་ས་ཁོངས)བར་དང་། ཞིང་ཆེན་གཞུང་ལམ95པ་སེར་ཤུལ་ནས་དཀར་མཛེས་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཚན་གྱི་དུས་འགོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་དགོས། རྒྱལ་ལམ227པ་ལི་ཐང་ནས་ཉི་སྟེན་བར་གྱི་གཞུང་ལམ་ཡུལ་སྐོར་ཅན་གྱི་རིམ་སྤར་བསྒྱུར་བཀོད་དང་། རྒྱལ་ལམ318པ་སྤུས་ཚད་རིམ་སྤར་བསྒྱུར་བཀོད་དང་ཞིང་ཆེན་གཞུང་ལམ460པ་ཕྱག་ཕྲེང་ བརྒལ་མཚམས་སོགས་འཛུགས་སྐྲུན་ལས་ཚན25མགྱོགས་སུ་གཏང་བ། རྒྱལ་ལམ549པ་བརྒྱད་ཟིལ་རྫོང་དཀར་བ་གྲོང་རྡལ་ལམ་མཚམས་དང་ཞིང་ཆེན་གཞུང་ལམ227པ་སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག(མཚོ་སྔོན་མཐའ་མཚམས)ནས་འཇུ་རྙིང་ཡུལ་ཤོག་བར་གྱི་དུམ་མཚམས་སོགས་ལས་ཚན10ལས་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ20ཡི་དུས་འགོའི་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་སྤྱི་ལེ80སྤུས་རིམ་སྤར་བ་དང་། ལམ་ངོས་སྤྱི་ལེ150རྒྱས་བཟོ་དང་འབྲིང་བཟོ་བྱེད་ཅིང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ300བསྐྲུན་ཐུབ་པ་བྱ་རྒྱུ་དང་། ཞིང་སྡེའི་གཞུང་ལམ་ཡག་པོ་བཞི་དང་ཤར་བགྲོད་ལས་གཞི་ཡག་པོར་བསྐྲུན་དགོས། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་མིང་ཅང་གཙང་པོར་འདྲེན་པ་དང་ལྷོ་ཆུ་བྱང་འདྲེན་ནུབ་རྒྱུད་ཕྱོགས་ཀྱི་ལས་གཞི་སྐབས་དང་པོའི་ཞབས་ཞུའི་འགན་སྲུང་ལ་དམ་འཛིན་ཡག་པོ་བྱ་དགོས། ཞིང་སྡེའི་འཐུང་ཆུའི་ཉམས་གསོ་དང་བདག་སྐྱོང་ལས་གཞི200བསྐྲུན་དགོས། འཕྲིན་བརྡ་སི་ཁྲོན་ཡོངས་ལ་ཁེབས་པ་ཞེས་པའི་ཆེད་དོན་བྱ་སྤྱོད་དོན་ལ་འཁྱོལ་བ་དང་Gབཞི་སྦྲེལ་ཚུགས200དངG5སྦྲེལ་ཚུགས1700གསར་དུ་བསྐྲུན་དགོས།
ཡོང་འབབ་འཕར་གཙོ་གནད་དུ་བཟུང་ནས་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་དམིགས་འཛུགས་རོགས་སྐྱོར་དང་། ཤར་ནུབ་རྒྱུད་རོགས་ལས། ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲེལ་མཐུད་མ་དངུལ་ལས་ཚན་དང་ཤར་ནུབ་རྒྱུད་རོགས་ལས་ཀྱི་སྤུས་འབྲས་གཉིས་འཕར་ཡོང་བའི་བྱ་སྤྱོད་ཆེན་པོ་གཉིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་ཞུགས་གང་ལེགས་ཡོང་བར་བསྐུལ་བའི་ལེ་ལག་ཆ་འགྲིག་སརྒྱལ་ཁབ་ལ་དབང་བའི་ངལ་ལས་སྤྱི་གཉེར་ཁང་དང་། ཉིན་གླ་ས་ཚུགས། གུད་ཚབ་ལས་སྤྲོད་བཅས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱ་རྒྱུ་དང་། ཡུལ་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི2.2ཡན་གསར་དུ་སྤེལ་ཞིང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཁྲི15ཡན་སྒྱུར་སྤོ་ལས་ཞུགས་ཐུབ་པར་སྲུང་འཛིན་བྱས་ཏེ། དབུལ་ཐར་མི་འབོར་གྱི་ཡོང་འབབ་བརྟན་པོར་འཕར་བ་དང་འགྱུར་ཚུལ་ཡོད་པའི་སྒོ་ནས་དབུལ་པོར་བསྐྱར་ལོག་གི་ཉེན་ཁ་མི་ཡོང་བར་འགན་ལེན་བྱ་དགོས། འཚོ་སྐྱོང་དམའ་རོགས་སྐྱོར་གྱི་དམིགས་ཚད་བཅུ་ལ་དམིགས་ནས“གསལ་ཐོ་ལྔ”་ལ་དཔེར་བསྡུར་ནས་ལོ་འཁོར་གྱི་ཇུས་གཞི་དོན་ལ་འཁྱོལ་ནས། མཁོ་འཚོང་མཉམ་ལས་ཁང་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་། གྲོང་ཚོ་རིམ་པའི་མཁོ་འཚོང་ཁང36འཕེལ་རྒྱས་བཏང་ནས། ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི5ཡན་གྱི་གྲོང་ཚོ1250ལ་ཟིན་པ་འགན་ལེན་བྱ་དགོས།
འགན་སྲུང་འགན་འཁྲིར་བརྩིས་ནས་མཐིལ་ཚད་བརྟན་པོར་བསྲུང་དགོས། དམངས་འཚོ་འགན་སྲུང་གི་ཁེབས་རྒྱ་ཆེ་རུ་བཏང་ནས་མ་མཐའི་འཚོ་བ་འགན་ལེན་བྱ་དགོས་ཚད་འགན་ལེན་ཐུབ་པ་བྱ་དགོས། ཨང་ཀིའི་སྨན་བཅོས་ཉེན་སྐྱོབ་གོ་རིམ་ཧྲིལ་པོར་བཀོལ་བར་བསྐུལ་ཏེ་བོད་སྨན་གྱི་སྨན་བཅོས་ཉེན་སྐྱོབ་ནས་དངུལ་སྤྲོད་པའི་ཁྱབ་ཁོངས་མུ་མཐུད་དེ་ཆེ་རུ་གཏང་དགོས། རྒན་རྒོན་དང་བྱིས་པའི་ཚོགས་པར་གཅེས་ཤིང་བསྐྱངས་ཏེ། སྒོ་འབྱེད་ཅན་དང་འདྲེས་སྦྱོར་ཅན་གྱི་རྒན་གསོའི་སྒྲིག་གཞི་ཚོད་ལྟ་བྱ་དགོས། དྭ་ཕྲུག་ལ་སེམས་ཁུར་དང་གཅེས་སྐྱོང་གི་བྱེད་ཐབས20དང་རྩོལ་ནུས་ཤོར་བའི་མིར་སེམས་ཁུར་དང་གཅེས་སྐྱོང་གི་བྱེད་ཐབས་དོན་ཚན8རྒྱུན་མཐུད་ངང་དོན་འཁྱོལ་ཡག་པོ་བྱ་དགོས། ཁུལ་ཡོངས་ཀྱི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལག་ལེན་བསམ་འཆར་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དགེ་སྒྲུབ་ལས་ཚན་ཁག་ཅིག་ལག་ལེན་བསྟར་ནས། དཀར་མཛེས་ཁུལ་གྱིས་དགེ་སྒྲུབ་བྱ་གཞག་སྤེལ།། ལག་ལེན་དངོས་ནས་བྱམས་དང་སྙིང་རྗེ་མཚོན།། ཞེས་པའི་གྲགས་རྟགས་ཆེ་རུ་གཏང་དགོས། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་སྲིད་དོན་ཞབས་འདེགས་ཞུ་ས་ཚད་ལྡན་ཅན་དུ་གཏོང་བར་སྐུལ་བ་དང་། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིར་ཞབས་འདེགས་ཞུ་བའི་དོན་ཚན་གཅིག་ཅེས་པའི་ཚོད་ལྟ་ བྱ་དགོས།
སློབ་གསོ་སྔོན་ལ་བཞག་ནས་ཀུན་སྤྱོད་ཀྱིས་མི་བསྐྱང་དགོས། དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཤུགས་སྣོན་པའི་བྱེད་ཐབས་བཅུ་ལག་ལེན་བསྟར་བ་དང་། ལོ་ལྟར་སྒོར་ཁྲི4000ཡན་གྱི་སློབ་གསོ་བྱ་གཞག་ཐེབས་རྩ་བེད་སྤྱོད་ཡག་པོ་བྱེད་ཅིང་། ཞན་ཆུང་ཐོར་གསུམ་གྱི་སློབ་གྲྭ25ལེགས་སྒྱུར་ལེགས་སྒྲིག་དང་ས་ཁོངས་བརྒལ་བའི་སློབ་ཁུལ་འཛུགས་སྐྲུན་ལ་བསྐུལ་དགོས། ཁུལ་ཡོངས་ཀྱི་མཐོ་འབྶིང་སློབ་ཁྲིད་སློབ་ཞིབ་མནའ་འབྲེལ་དང་དམ་ཟབ་ཅན་གྱི་སློབ་གྲྭའི་མཉམ་འབྲེལ་སྒྲིག་གཞི་འཛུགས་ཤིང་། རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བར་དམ་འཛིན་བྱ་དགོས། བྱོལ་འགོག་སློབ་སྐྱོང་གི་མཉམ་འགོག་མཉམ་སྲུང་གི་ལམ་སྲོལ་ལག་ལེན་ནན་པོར་བསྟར་དགོས། དགེ་རྒན་རྐང་འཛིན་པའི་འཆར་འགོད་ལག་ལེན་མཐར་ཕྱིན་བསྟར་བ་དང་། དགེ་རྒན་གྱི་“ཆ་བསགས་ལམ་ལུགས”འཛུགས་ཤིང་། དཀའ་ཚེགས་ཆེ་ཆུང་དང་བྱས་རྗེས་ཆེ་ཆུང་ལ་གཞིགས་ནས་བརྩོན་སྐུལ་བྱ་རྒྱུ་དང་། དགེ་རྒན་གྱི་སློབ་ཚན་ཤེས་བྱའི་ཆུ་ཚད་རྒྱུགས་སྤྲོད་ཀྱི་རྒྱུགས་མ་འཕྲོད་ན་གསོ་སྦྱོང་མངག་པ་དང་དེའི་རྗེས་འོས་ཐོབ་གཅག་པ་དང་། དེ་ནས་ལས་གནས་སྤོ་བ་དང་། དེ་ནས་ལས་འཁྱུར་ངལ་གསོ་ལ་བསྒུག་པ་བཅས་ཀྱི་ལམ་ལུགས་དང་། དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཚབས་ཆེན་ལ་གུ་ཡངས་གཏན་ནས་མ་གཏོང་བའི་ལམ་ལུགས་ལག་ལེན་བཙན་བསྟར་ནན་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་བྱེད་ཤུགས་ཆེ་རུ་གཏང་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཆབ་སྲིད་བསམ་བློ་སློབ་ཁྲིད་ཡག་པོར་བྱེད་པ། རང་རེའི་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་ལོ་ཆུང་གཞོན་ནུ་ཚང་མའི་སེམས་ལ་འཇགས་པར་བྱ་དགོས།
བདེ་ཐང་དགོས་མཁོར་བྱས་ནས་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏང་དགོས། འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་“ལྔ་ཐོག་གཅིག་སྣོན་གྱི་བྱེད་ཐབས”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ནད་བརྟག་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སྤྱོད་སྤེལ་པ་དང་། ལོ་རེར་སྒོར་ཁྲི4000ཡན་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་ཐེབས་རྩ་བེད་སྤྱོད་ཡག་པོ་བྱེད་ཅིང་། ས་གནས་རང་གི་སྨན་པ་དཀའ་བཅུ་བ100དང་སྨན་པ་རྐང་འཛིན་པ200གསོ་སྐྱོང་བྱ་རྒྱུ་དང་། སྨན་པའི་“ཆ་བསགས་ལམ་ལུགས་”འཛུགས་པ་དང་། མཚོ་འཕགས་མཐོ་དམའ་དང་དཀའ་ཚེགས་ཆེ་ཆུང་གི་རིགས་བགོས་པ་ལྟར་ལྟ་སྐྱོང་ཇེ་མང་དུ་གཏང་དགོས། སྒྲིག་ཆས་གསར་དུ་བརྗེ་བའི་བྱ་སྤྱོད་སྤེལ་བ་དང་། ཧྭ་ཞི་དཀར་མཛེས་སྨན་ཁང(ཁུལ་མི་དམངས་སྨན་ཁང་)སོགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་སྔོན་ཐོན་ཅན་གྱི་སྨན་བཅོས་སྒྲིག་ཆས་ཆེ་གྲས་གསར་དུ་ཉོ་དགོས།ཨང་ཀིའི་སྨན་བཅོས་བྱ་སྤྱོད་ལག་ལེན་བསྟར་བ་དང་། ཁུལ་ཡོངས་ཀྱི་ནད་བརྟག་སྨན་བཅོས་ལྟེ་གནས་དང་འབྲེལ་དྲྭའི་སྨན་ཁང་བསྐྲུན་ཐུབ་པ་བྱ་རྒྱུ་དང་།“Gལྔདང་བདེ་ཐང་སྨན་བཅོས་སྦྲེལ་བའི” ཆེད་དོན་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཨང་ཀིའི་གྲོས་བརྟག་དང་རྒྱང་བསྟེན་གྲོས་བརྟག་བྱེད་ཤུགས་ཆེ་རུ་གཏང་དགོས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་བྱ་སྤྱོད་ལག་ལེན་བསྟར་ནས། ཧྭ་ཞི་དཀར་མཛེས་སྨན་ཁང(ཁུལ་མི་དམངས་སྨན་ཁང་)སྣེ་འདྲེན་དུ་བྱེད་པ་དང་། ཁམས་བྱང་དཀར་མཛེས་རྫོང་དང་ཁམས་ལྷོ་ལི་ཐང་རྫོང་གི་ལྟེ་གནས་སྨན་ཁང་ཟུར་པ2འགག་གནད་དུ་བྱེད་པ། རྒྱ་བསྐྱེད་དེ་རྫོང་ཁག་གི་སྨན་ཁང་གཙོ་བོར་བྱེད་པ། ཡུལ་ཤོག་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་དྲྭ་གདན་བྱེད་པའི་རྫོང་ཁོངས་ཀྱི་དམ་ཟབ་རང་བཞིན་གྱི་སྨན་བཅོས་གཅིག་མཐུན་འདུས་གྲུབ་མགྱོགས་པོར་བསྐྲུན་ཏེ།“1+2+N”ཡི་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཆགས་པར་བྱ་དགོས། དམངས་ཡོངས་ཀྱི་བདེ་ཐང་བྱ་སྤྱོད་ལག་ལེན་བསྟར་བ་དང་། བོད་ལུགས་གསོ་རིག་ཚད་གཞི་ཅན་དུ་ འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། གློ་གཅོང་འདུས་འདྲིལ་དང་ཐུམ་འབུའི་ནད་སོགས་འགོ་ནད་ཚབས་ཆེན་ཕྱོགས་བསྡུས་འགོག་བཅོས་བྱ་སྤྱོད་སྤེལ་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10