ཀྱེ་དིང་རི་བ། སྐྱིད་སྡུག་འཆིང་ཐག་གཅིག་ཏུ་སྒྲིམ་ཡོད།

གོ་སྦྲུལ་ཞགས།        2025-01-17

             མུ་ཁྱུད་གངས་ཀྱི་རྨུ་ཐག་གཅིག་ལ་བརྒྱུས་ཤིང་།

རིགས་རྒྱུད་ཀྱི་འགོ་ཁུངས་གཅིག་ཏུ་སྦྲེལ་བའི་

ཁྱོད་དང་ང་ཡི་སེམས་ཀྱི་གཞིས་ཀ་སྣུམ་པོ།

འདར་སིག་ཅིག་གིས་ཐལ་རྡུལ་གསེང་དུ་གཟེད།

རླུང་འཚུབ་ཅིག་གིས་རྩིག་རྨང་ཐལ་

བར་བརླགས།

སྐྱོ་དུབ་འདྲེས་པའི་ཞིང་གྲོང་གི་སྡོད་ཤག་ཆུང་

ཆུང་དེ་དག་ཀྱང་།

སྐད་ཅིག་ཉིད་ལ་སྐྱ་ཐིང་ཐིང་གི་ཐལ་རྡུལ་དང་

གྱང་རོར་བསྒྱུར།

ཀྱེ་ཀྱེ་ང་ཡི་དིང་རི་བ་རུས་རྒྱུད་ཀྱི་ཟུངས་ཁྲག་

གཅིག་ཏུ་འདྲེས་པའི་ཕུ་ནུ་མིང་སྲིང་ཚོ།

ཉི་མ་དང་ཁ་ཐག་ཉེ་བའི་བྱང་གི་ལ་སྟོད་

ཕྱོགས་སུ།

གདུང་སེམས་ཀྱི་ན་བུན་དྲག་ཏུ་འཁྲིགས་ཤིང་།

རྫོབ་མཐུག་པའི་སྐྱེ་འཆིའི་ཟློས་གར་གྱི་འོ་

དོད་གཉོམ་པོ།

ཁྱེད་དང་ང་ཡི་ཕྲག་དང་རྣ་བར་ལྷུང་དོན་གང་།

དིང་རི་བ།བཟོད་ཐབས་བྲལ་བའི་གདུག་རྩུབ་

ཀྱི་རླུང་བུས།

གདུང་སེམས་ཀྱི་མགྲིན་པ་རབ་ཏུ་བརྣངས་

ན་ཡང་།

ང་ཚོ་ལ་དད་མོས་ཡོད་པས་དད་མོས་ཀྱིས་

དྲངས་པའི་བརྩེ་བ་དང་སྙིང་རྗེ་ཡོད།

ང་ཚོ་ལ་དཀོན་ཅོག་ཡོད་པས་བྱམས་པའི་

ཆབ་ཀྱིས་བྲན་པའི་དྭངས་གཙང་གི་ཐུགས་

རྗེ་དང་བྱིན་རླབས་ཡོད།

སྙིང་ཉེ་བའི་དིང་རི་བ་ཁྱེད་ཅག་གི་རྒྱབ་ཏུ་

འགྲེང་བའི་གསོལ་འདེབས་བསྔོ་སྨོན་གྱི་

མཚམས་སྦྱོར་དང་སྐྱེལ་མ་ནམ་ཡང་ཡོད།


  • ལེ་ཚན་སྔོན་མ།:རིགས་ཀྱི་འཕར་རྩ་གཅིག་པའི་དིང་རི།
  • ལེ་ཚན་རྗེས་མ།:གངས་རིའི་གདུང་དབྱངས།