སྐྱེ་བ་གཅིག་གི་ལས་སྐལ།

ཁམས་འོད་གསལ།        2024-12-27

སྔོན་ཞེན་ཆགས་ཧྲིལ་པོ་མ་བཅོས་པའི་ཚུལ་དུ། །

ལས་བདེ་བའི་གཏན་ལ་ཅི་དགའ་བཞིན་ཉུལ་བ། །

ཡིད་ཚོར་བའི་རླབས་རིས་ལྷབ་ལྷུབ་ཏུ་གཡོས་ཏེ། །

སེམས་རྗེན་པའི་གཏིང་དུ་བག་ཆགས་ཤིག་བརྡོལ་བ། །

ཚེ་རིང་ཡང་ཐུང་ཡང་སྐྱེ་བ་འདིའི་མགོ་མཇུག །

ལས་ཅི་འདྲ་གཙང་ཡང་ནང་སེམས་ཀྱི་ཚོར་བ། །

དོན་དམ་པའི་ལས་སྐལ་རྒྱང་རིང་དུ་མ་ཕྱོགས། །

ངག་བརྩེ་བའི་གཞུང་དུ་རང་འཁྱིལ་ངང་ཆགས་པ། །

དགུང་ནམ་མཁའི་ཁ་ཞེང་མགོ་རྔ་ཞིག་མེད་རུང་། །

སྤྲིན་བན་བུན་རྒྱུད་པའི་བར་སྟོང་འདི་ཆེ་བས། །

ལས་དམ་ཚིག་གཙང་མ་ཡིད་གཞུང་དུ་བཀྱགས་པ། །

ཆེས་མཛེས་པའི་སྣང་ཚུལ་རང་བྱུང་དུ་བབས་ཡོད། །

སེམས་བདེ་བ་ནང་དུ་ཅི་དགའ་ངང་འགྲིམ་བཞིན། །

ལས་རླུང་རྟ་རྒྱུགས་ཕྱོགས་ཞེ་གཏིང་དུ་བསམ་དུས། །

གླེང་རིན་ཐང་ཡོད་མེད་འཚོ་བ་ཡིས་འགྲེལ་སྐབས། །

ཚེ་སྔོན་མའི་ཞེན་ཆགས་མ་བཅོས་བཞིན་སྨིན་བྱུང་། །

ཞེ་གཏིང་རུམ་ཀློང་ནས་ཚེས་བཟང་གི་ཉིན་ཞག །

ལས་སྨིན་དྲུག་དང་མཚུངས་བར་ཐག་ཀྱང་མེད་པ། །

སྙིང་རྗེ་བོའི་ཚུལ་དུ་སེམས་ཁམས་འདི་གསོ་དུས། །

ཀུན་དགའ་བའི་གཞས་ཤིག་ངག་རིག་ལ་ཐོགས་ཡོད། །

  • ལེ་ཚན་སྔོན་མ།:སྙི་བའི་སེམས།
  • ལེ་ཚན་རྗེས་མ།:ནང་སེམས་ཀྱི་མདོ།