2024-12-26
ཉེ་ཆར། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས《ཤིང་རྟའི་ནད་དུག་མཆེད་པར་དམིགས་པའི་རྡུང་རྡེག་གཏོང་བའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་སྟེ།
ང་ཚོས་ཁྲིམས་འགལ་བས་སྤྱི་ཚོགས་འབྲེལ་གཏུག་སྟེགས་བུ་སྤྱད་དེ་ཁྱབ་ཁོངས་ཆེན་པོའི་ཐོག་ནས་ཤིང་རྟའི་ནད་དུག་ཁྱབ་སྤེལ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་དོན། སྤྱོད་མཁན་གྱིས་གློག་ཀླད་ཀྱི་མཐའ་སྣེ་བརྒྱུད་དེ་འབྲེལ་ཡོད་གོ་རིམ་ཡིག་ཆ་འཁོར་སྐྱོད་བཏང་ཚེ་དེའི་གློག་ཀླད་ལ་རྒྱང་རིང་ནས་ཚོད་འཛིན་བྱེད་པའི་ཉེན་ཁ་བཟོ་སྲིད།
ཁྲིམས་འགལ་བས་དང་ཐོག་དྲ་ཚིགས་དང་། ཡིག་སྒམ། སྤྱི་ཚོགས་འབྲེལ་གཏུག་སྟེགས་བུ་སོགས་བརྒྱུད། རྒྱུན་གཏན་གྱི་ཡིག་ཆ་རྫུན་བཟོས་ཀྱི་ཤིང་རྟའི་ནད་དུག་གཞན་དག་བརྒྱུད་གཏོང་བྱེད་པ་དང་སྤྱོད་མཁན་གྱིས་དྲ་ཐོག་ཏུ་མནན་རྗེས་ཁྲིམས་འགལ་བས་རྒྱང་རིང་ནས་སྤྱོད་མཁན་གྱི་གློག་ཀླད་བཀོལ་སྤྱོད་བྱེད་པ་དང་། གནོད་འཚེ་ཕོག་མཁན་གྱི་ཐེམ་ཨང་བརྒྱུད་ནས་གཞན་ལ་མགོ་སྐོར་གཏོང་གི་ཡོད། གལ་ཏེ་དུས་ཐོག་ཏུ་ནད་དུག་གི་གོ་རིམ་གཙང་སེལ་བྱེད་མ་ཐུབ་ཚེ་ཁྲིམས་འགལ་བས་ད་དུང་སྤྱོད་མཁན་གྱི་གསང་བའི་ཨང་གྲངས་རྐུ་བ་དང་ཚོར་སྣང་སྐྱེན་པའི་ཆ་འཕྲིན་ལ་མུ་མཐུད་ལྟ་བ་སོགས་བྱེད་སྲིད།
སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། སྐད་འཕྲིན་ཚོགས་པས་བྱ་སྤྱོད་དེ་རིགས་ལ་རྒྱུད་ཆད་མེད་པར་རྡུང་རྡེག་གཏོང་རྒྱུ་ཡིན། གོང་གསལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་དཔྱད་གཏན་འཁེལ་བྱས་རྗེས། ང་ཚོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན《ཐེང་ཤུན་སྐད་འཕྲིན་མཉེན་ཆས་ཀྱི་ཆོག་འཐུས་དང་དེ་བཞིན་ཞབས་ཞུའི་གྲོས་མཐུན》《སྐད་འཕྲིན་གྱི་མི་སྒེར་གྱི་ཐེམ་ཨང་སྤྱོད་པའི་ཚད་གཞི》བཅས་གཞིར་བཟུང་། སྒྲིག་འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་འབྲེལ་ཡོད་ཐེམ་ཨང་ལ་སྐས་རིམ་རྣམ་པའི་ཆད་པ་གཅོད་རྒྱུ་ཡིན།
ཡོང་ཁུངས། མི་དམངས་དྲ་བ་ནས།
རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10