(རྟ་མགྲིན་རྡོ་རྗེས་བསྒྱུར། ) 2024-12-23
སྤྱི་ཟླ12པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་རུ་འཛུགས་སྐྲུན་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་མགོ་གཙོ་ཙོན་ཀྲི་ཧྲི་སོགས་དང་ཐུག་འཕྲད་གནང་བ་དང་ཕྱོགས་གཉིས་ཀས་ཡུལ་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས། ལས་གཞི་འཛུགས་སྐྲུན་སོགས་ཐད་ཀྱི་སྲིད་དངུལ་མཉམ་ལས་མུ་མཐུད་གཏིང་ཟབ་གཏོང་རྒྱུར་དམིགས་ནས་སྤེལ་རེས་གནང་།
ཧྲེན་དབྱང་གིས་ཙོན་ཀྲི་ཧྲི་སོགས་ཕེབས་པར་དགའ་བསུ་ཞུས་པ་དང་འཛུགས་སྐྲུན་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས།
ཧྲེན་དབྱང་གིས་འཛུགས་སྐྲུན་དངུལ་ཁང་དང་དཀར་མཛེས་ཁུལ་བར་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས་དམངས་འཚོའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་ལས་གཞི་དོན་འཁྱོལ། ཞིང་རོགས་ཞིང་ཕན་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔར་དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་པ།“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་གཏོད་པ། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག། ནུས་རྒྱུ་གཙང་མ་བཅས་ཀྱི“ལས་དོན་ཆེན་པོ་གསུམ”ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད། འཛུགས་སྐྲུན་དངུལ་ཁང་གིས་སྔར་རྒྱུན་བཞིན་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་གི་ཡར་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཚན་རྩལ་དངུལ་རྩ་དང་ཀུན་ཕན་དངུལ་རྩ། འབགས་མེད་དངུལ་རྩ་སོགས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། དཀར་མཛེས་རིག་གནས་ཡུལ་སྐོར་ཁུལ་དང་སྐྱེ་ལྡན་ཁུལ། ནུས་རྒྱུའི་ཁུལ་བཅས་ལ་དམིགས་ཏེ་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏང་བ་དང་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དེ་བས་ནུས་ལྡན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཙོན་ཀྲི་ཧྲི་ཡིས་དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ། འཛུགས་སྐྲུན་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་དང་ཉེ་བའི་ལོ་ཤས་རིང་འཛུགས་སྐྲུན་དངུལ་ཁང་དཀར་མཛེས་ཁུལ་གྱི་གལ་ཆེའི་ལས་གཞིའི་འཛུགས་སྐྲུན་ནང་རྒྱ་ཁྱབ་ངང་ཞུགས་ནས་ཡུལ་སྡེ་དར་རྒྱས་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས། དངུལ་རྩ་སྒྱུར་བཅོས་སོགས་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་བའི་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་པར་མ་ཟད། དཀར་མཛེས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། འཛུགས་སྐྲུན་དངུལ་ཁང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པ་དང་དངུལ་རྩའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། སྤུས་ལེགས་ཀྱི་དངུལ་རྩའི་ཐོན་རྫས་དང་ནུས་ཆེའི་དངུལ་རྩའི་ཞབས་ཞུར་བརྟེན་ནས་དཀར་མཛེས་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་གི་དགོས་མཁོ་དངོས་སྔར་བས་ཡག་པོ་སྐོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་མྱུར་བསྐྲུན་པར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།
ཁུལ་མགོ་ཁྲིད་ཡོན་མིང་ཀོང་དང་ཡན་ལེ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10