2024-12-03
ཉེ་ཆར། སེར་ཤུལ་རྫོང་འབུམ་རྙིང་གྲོང་རྡལ་གྱི་གི་ལུང་གྲོང་ཚོ་དང་བདེ་སྐྱིད་གྲོང་ཚོ་གསུམ་པ་རུ་གཟན་རྩྭ་བགོ་པའི་བྱེད་སྒོ་སྟབས་བདེ་ཞིག་སྤེལ། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་འབྲོག་པ་དུད་ཚང774བྱེད་སྒོ་ནང་ཞུགས།
གཟན་རྩྭ་བགོ་པའི་ཡུལ་དངོས།
ཤེས་རྟོགས་བྱུང་བར་ལྟར་ན། འདས་ཟིན་པའི་ལོ་གཅིག་ནང་འབུམ་རྙིང་གྲོང་རྡལ་གྱིས་སྐྱེ་ཁམས་དང་ཐོན་ལས་མཐུན་སྦྱོར་ལ་དམ་པོར་དམིགས་ནས་དམངས་ཡོངས་ཀྱི་རྩྭ་འདེབས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་མུའུ་5000ལྷག་ཙམ་ལ་སྤུས་ལེགས་ཕྱུགས་རྩྭ་བཏབ། དེའི་སྐྱེ་ཁམས་སླར་གསོའི་ཐད་བྱས་རྗེས་བཞག་པར་མ་ཟད། ད་ལོའི་དགུན་དུས་ཀྱི་གཟན་རྩྭ་གསོག་འཇོག་བརྟན་པོ་ཡོང་བར་བྱས་ཡོད། བསྡོམས་རྩིས་བྱས་པར་ལྟར་ན། ད་ཐེངས་གཟན་རྩྭ་སྤུས་ལེགས་ཏུན90ལྷག་ཙམ་བརྔ་བསྡུ་བྱས་པ་དེས་གྲོང་རྡལ་ཡོངས་ཀྱི་འབྲོག་པ་དུད་ཚང774ཡི་སེམས་ཁྲལ་གྱི་གནད་དོན་དང་ཕྱུགས་ཟོག10000ལྷག་གི་དགུན་དུས་གཟན་རྩྭའི་གནད་དོན་ཐག་གཅོད་བྱས་པ་རེད།
གཟན་རྩྭ་བགོ་པའི་ཡུལ་དངོས།
འབུམ་རྙིང་གྲོང་རྡལ་བདེ་སྐྱིད་གྲོང་ཚོ་གསུམ་པའི་འབྲོག་པ་དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར། ངའི་རྒྱབ་ཀྱི་རྩྭ་ར་ཆེན་པོ་འདི་ནི་རྫོང་ཡོངས་ཀྱི་མི་དམངས་རྩྭ་འདེབས་ལས་དོན་ནང་ཞུགས་ནས་བཏབ་པའི་རྩྭ་ར་རེད། ཚང་མས་འབད་བརྩོན་བྱས་པས་དེ་རིང་རྩྭ་ཡག་པོ་སྐྱེས་འདུག་ལ་འབྲས་བུ་ཡང་ཡག་པོ་ཐོབ་འདུག། ང་ཚོའི་འབྲོག་པ་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པར་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།
ད་ཐེངས་ཀྱི་གཟན་རྩྭ་བགོ་པའི་བྱེད་སྒོ་སྤེལ་བ་དེས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་མཐུད་དང་སྐྱོན་བྲལ།བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད་པས་མ་ཚད། འབྲོག་པ་མང་ཚོགས་ལ་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད།
གསར་འགོད་པ། མེ་ཏོག།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10