སེར་ཤུལ་རྫོང་དུ་སྒྲོག་འགྲེལ་བྱེད་སྒོ་འདི་འདྲ་སྤེལ།

        2024-09-03

 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་སློབ་སྦྱོང་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏང་ཆེད་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཁོང་དུ་ཆུད་པར་ཁྲིད་སྟོན་བཅས་བྱས་ཏེ་སློབ་སྦྱོང་དང་བསམ་གཞིགས། ལག་ལེན་བཅས་ཀྱི་ཁྲོད་དུ་མདུན་སྐྱོད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སེར་ཤུལ་བསྐྲུན་རྒྱུ་ལ་སྐུལ་འདེད་གཏང་ཆེད། ཉེ་ཆར། དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་སེར་ཤུལ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།  

       སྒྲོག་འགྲེལ་ཚོགས་པས་སྔ་རྗེས་སུ་འབུམ་རྙིང་གྲོང་རྡལ་དང་འཇུ་སྒལ་གྲོང་རྡལ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་གཙོ་དོན་ལ་དམ་པོར་དམིགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལ་ཁྱོན་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་བཅས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད། སེར་ཤུལ་རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་དང་། མཛུབ་ཁྲིད་བསམ་བློ། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་སོགས་ཀྱི་ནང་དོན་རྒྱས་བཤད་བྱས་པས་ཚོགས་ཞུགས་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་སྔར་བས་གཏིང་ཟབ་ལོན་ཡོད།

     མ་འོངས་པར་སེར་ཤུལ་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཁྱབ་ཁོངས་ཁག་དང་རིམ་པ་ཁག་ཏུ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་སྔར་ལས་འཕེལ་བ། དངོས་སྒྲུབ་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།



ལས་ཞོར་གསར་འགོད་པ། མེ་ཏོག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་སྟོན་དུས་སློབ་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།