སྙིང་རྩ་འགག་པའི་ནད་ཀྱི་མྱུར་སྐྱོབ་ཤེས་བྱ་འདི་དག་ཁོང་དུ་ཆུད་དགོས།

        2024-09-03

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།རང་རྒྱལ་དུ་ལོ་ལྟར་གློ་བུར་དུ་དོས་དྲག་ཅན་གྱི་སྙིང་རྩ་འགག་པའི་ནད་ན་བའི་མི་གྲངས་ཁྲི100ཙམ་ཟིན་ཞིང་། དེའི་ནང་ནད་པ3རེའི་ནང་ནས་མི1རྐྱེན་ལམ་དུ་ཤོར་བ་དང་། འཆི་ཚད་བཅུ་ཆ་གསུམ་ལས་བརྒལ་ཡོད།


སྙིང་རྩ་འགག་པའི་ནད་ཀྱི་རྒྱུན་མཐོང་འབྱུང་རྐྱེན།

    འགུལ་སྐྱོད་དྲག་པོ་བྱེད་པ་དང་ཐང་ཆད་དྲགས་པ། བཟའ་བཏུང་ཚད་ལས་བརྒལ་བ། ཆང་འཐུང་དྲགས་པ། སེམས་ཁམས་གཡོ་འགུལ། གནམ་གཤིས་འགྱུར་ལྡོག་སོགས་ཡིན།


སྙིང་རྩ་འགག་པའི་ནད་ཀྱི་དཔེ་མཚོན་ནད་རྟགས།

    སྙིང་རྩ་འགག་པ་ནི་སྙིང་ལ་ཁྲག་མཁོ་འདོན་བྱེད་པའི་ཁྲག་རྩ་དོག་པའམ་འགག་པའི་དབང་གིས་སྙིང་གི་ཤ་གྲིམ་ལ་ཁྲག་ཆད་པ་དང་ཤི་འདྲུལ་བྱུང་བའི་རྐྱེན་གྱིས་ཡིན། དེར་དཔེ་མཚོན་གྱི་ནད་རྟགས་ཁག་གཅིག་ཡོད་པ་སྟེ། 

གཅིག། ན་ཟུག་རྒྱག་པ། 70%ལ་ཉེ་བའི་མངོན་ཚུལ་ནི་བྲང་ཁ་ན་བ་དང་རྔུལ་ནག་མང་པོ་འདོན་པ་དེ་ཡིན།

གཉིས། ན་ཡུན་རིང་བ། སྙིང་རྩ་འགག་ནས་བྲང་ཁ་ན་བའི་དུས་ཡུན་ཅུང་རིང་ཞིང་། མང་ཆེ་བ་སྐར་མ་20ལས་བརྒལ་བ་དང་། ན་ཚ་རང་བཞིན་གྱིས་འཇགས་མི་ཐུབ།

གསུམ། སྙིང་རྩ་འགག་ཚབས་ཆེ་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་། རིག་པ་མི་གསལ་བར་གྱུར་བ།    མགོ་ཡུ་འཁོར་ནས་འགྱེལ་བ། གཅིན་པ་འཕྲལ་མར་ཉུང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།


སྙིང་རྩ་འགག་དུས་ཇི་ལྟར་ཁ་གཏད་གཅོག་དགོས། 

    གཟུགས་པོར་གོང་གསལ་གྱི་བརྡ་རྟགས་ཐོན་ཚེ། མྱུར་དུ་རིག་ཚན་མང་པོའི་སྨན་བཅོས་ནུས་པ་ལྡན་པའི་ཚད་ལྡན་སྨན་ཁང་དུ་ཕྱིན་ནས། དོས་དྲག་ཅན་གྱི་སྙིང་རྩ་འགག་པའི་ནད་འབྱུང་སྲིད་པའི་ཉེན་ཁ་དུས་ཐོག་ཏུ་སེལ་དགོས། གལ་ཏེ་གློ་བུར་དུ་སྙིང་རྩ་འགག་ཚེ་གཤམ་གྱི་མྱུར་སྐྱོབ་མན་ངག་གསུམ་ཡིད་ལ་འཛིན་དགོས། 

    དང་པོ། སེམས་རྣལ་དུ་ཕབ་སྟེ་རོགས་སྐྱོབ་སྒུག་དགོས།

ནད་པ་ཉལ་དུ་འཇུག་པ་དང་། ཟང་ཟིང་མི་བྱེད་པ། ཁང་པའི་ནང་གི་སྒེའུ་ཁུང་ཕྱེ་ནས་ནད་པར་དབྱང་རླུང་འདང་ངེས་རྔུབ་ཏུ་འཇུག་དགོས། གལ་ཏེ་ནད་པར་སྙིང་གློ་བུར་དུ་འཕར་མཚམས་བཞག་པའི་གནས་ཚུལ་ཐོན་ན། དུས་ཐོག་ཏུ་སྙིང་གློ་སླར་གསོ་བྱེད་དགོས།


གཉིས་པ། མྱུར་སྐྱོབ་ཁ་པར་དུས་ཐོག་ཏུ་རྒྱག་དགོས། 

    སྙིང་རྩ་འགག་པའི་ནད་པར་ནད་ལྡང་རྗེས་ཀྱི་སྐར་མ120ཡི་ནང་དུ་སྐྱོབ་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས། མྱུར་སྐྱོབ་ཁ་པར་དུས་ཐོག་ཏུ་རྒྱག་དགོས། ཡིད་གཟབ་བྱེད་དགོས་པ་ཞིག་ལ་ནད་པ་གཅིག་པུ་སྨན་ཁང་ལ་གཏན་ནས་གཏོང་མི་རུང་། གལ་ཏེ་ལམ་བར་ལ་གློ་བུར་དུ་ནད་གཞི་སྡུག་ཏུ་ཕྱིན་པའམ་ཐོལ་གྱིས་ཤི་བའི་གནས་ཚུལ་ཐོན་ན། འཕྲལ་མར་སྐྱོབ་བཅོས་བྱེད་མི་ཐུབ།


གསུམ་པ། སྔ་ཙམ་གཤགས་བཅོས་བྱེད་དགོས།

སྨན་དོན་མི་སྣ་སླེབས་རྗེས། སྨན་དོན་མི་སྣར་གཞོགས་འདེགས་ཡག་པོ་བྱེད་དགོས། གལ་ཏེ་སྙིང་རྩ་འགག་ཡོད་པ་གཏན་འཁེལ་བྱས་ན་མྱུར་དུ་གཤགས་བཅོས་བྱེད་དགོས། སྙིང་རྩ་འགག་པའི་སྐབས་སུ། ཏོག་དབྱིབས་འཕར་རྩའི་རིང་སྣེ་འགག་པའི་སྙིང་ཤའི་ཕྲ་ཕུང་ལ་ཁྲག་དང་དབྱང་རླུང་མཁོ་སྤྲོད་བྱེད་མི་ཐུབ། སྐར་མ་20ལས་བརྒལ་ན། སྙིང་ཤ་ཤི་འདྲུལ་འབྱུང་སྲིད། ཤི་འདྲུལ་རྒྱ་ཁྱོན་ག་ཚོད་ཀྱིས་ཆེ་ན་ཤི་ཚད་དེ་ཚད་ཀྱིས་མཐོ་བ་ཡོད། དེའི་ཕྱིར། འགག་པའི་ཁྲག་རྩ་གང་སྔ་གཤོང་དགོས།


ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བུད་མེད་ཚོས་ཟླ་མཚན་འབབ་སྐབས་རྒྱུན་ཤེས་འདི་དག་ལ་མཉམ་འཇོག་བྱ་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།