2024-08-29
མཛད་སྒོ་འགོ་ཚུགས་མ་ཐག་དར་མདོ་སློབ་འབྲིང་གི་རྒྱལ་དར་འཛིན་གྲྭ་ཐེངས་འདིའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། དེའི་རྗེས་གཙོ་སྐྱོང་པ་ལིའུ་ཆང་གིས་ཐེངས་འདིའི་མཛད་སྒོར་ཕེབས་པའི་འགོ་ཁྲིད་རྣམ་པ་ངོ་སྤྲོད་བྱས།
དར་མདོ་སློབ་འབྲིང་ཏང་ཨུའི་ཨུ་ཡོན་སློབ་གཙོ་གཞོན་པ་ལིའུ་ཡན་ཧུའུ་ཡིས2024ལོའི་སློབ་ཐོན་སློབ་མ་ཕུལ་བྱུང་ཁག་གཅིག་བསྡུ་ལེན་བྱས་ཚུལ་དང་དེ་བཞིན་སྐུལ་མ་གཏོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་གཟེངས་བསྟོད་མིང་ཐོ་བསྒྲགས། སློབ་གྲྭའི་འགོ་ཁྲིད་ཀྱིས་སློབ་ཐོན་སློབ་མ་ཕུལ་བྱུང་གི་འཐུས་མིར་དཔེ་དེབ་སྤྲད་པར་མ་ཟད། དར་མདོ་སློབ་འབྲིང་གི་སློབ་ཞུགས་རོགས་དངུལ་བྱ་དགའ་ཡང་སྤྲད། 2025ལོའི་སློབ་ཐོན་འཐུས་ཚབ་སློབ་མས2024ལོའི་སློབ་ཐོན་སློབ་མ་ཕུལ་བྱུང་གི་འཐུས་ཚབ་པར་མེ་ཏོག་དང་ཁ་བཏགས་ཕུལ་བ་དང་གུས་བཀུར་བླ་མེད་ཞུས།
ཐེངས་འདིའི་བྱ་དགའ་སྤྲད་པའི་མཛད་སྒོའི་ཐོག་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་སློབ་མ་བཞི་རིམ་བཞིན་གར་སྟེགས་ཐོག་བསྐྱོད་ནས་ཁོ་ཚོས་སློབ་སྦྱོང་གི་ཉམས་མྱོང་དང་འཚར་ལོངས་ཀྱི་མྱོང་ཚོར་སོགས་མཉམ་སྤྱོད་བྱས་ནས་དང་ཏང་དང་རྒྱལ་ཁབ། སློབ་གྲྭ་དང་ཕ་མ། དགེ་རྒན་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སློབ་ཐོན་མ་བྱུང་བའི་སློབ་གྲོགས་ཚོར་བསྔགས་སྐུལ་དང་སྨོན་འདུན་ཞུས། ཕུགས་བསམ་བཟང་པོ་སེམས་ལ་བཅངས་ནས་བརྩོན་པ་དང་དཔའ་ངར་ཆེན་པོས་འབྱུང་འགྱུར་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་སྐབས་དེ་བས་མང་བ་དམ་འཛིན་བྱས་ནས་སྤྱི་ཚོགས་དང་རྒྱལ་ཁབ་ལ་དྲིན་ལན་གཞལ་རྒྱུ་ཡིན་ཞེས་བཤད།
2025ལོའི་སློབ་ཐོན་འཛིན་གྲྭ18པའི་སློབ་མའི་འཐུས་མི་ཞུང་ཅུན་ཅེ་གར་སྟེགས་སུ་བསྐྱོད་ནས་སློབ་ཐོན་སློབ་མ་དག་མིག་དཔེར་བྱས་ཏེ་སློབ་སྦྱོང་ཧུར་ཐག་དང་དཀའ་ངལ་ལ་མི་སྐྲག་པར་རང་ཉིད་ཀྱི་ཕུགས་འདུན་རྒྱུན་འཁྱོངས་དང་ཕ་མར་དྲིན་ལན་འཇལ་བ་དང་། མ་ཡུམ་སློབ་གྲྭའི་གཟི་བརྗིད་བརྩོན་ལེན་བཅས་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་གསར། 10