རང་ཁུལ་གྱི་སློབ་གྲྭ་དང་དགེ་རྒན་འདི་ཚོར་རྟེན་འབྲེལ་ཞུ།

        2024-09-03

 དགེ་རྒན་དུས་ཆེན་ཐེངས40པ་སླེབས་ལ་ཉེ་བའི་དུས་འདིར། སློབ་གསོ་པུའུ་ཡིས《2024ལོའི་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གསལ་བསྒྲགས》བསྒྲགས་པ་རེད།

        འོས་སྦྱོར་སྡེ་ཚན་ཁག་གིས་རིམ་པ་བཞིན་འོས་སྦྱོར་བྱས་པ་དང་རྒྱལ་ཡོངས་སློབ་གསོའི་སྡེ་ཁག་དཔྱད་འདེམས་གཟེངས་བསྟོད་ལས་དོན་མགོ་ཁྲིད་ཚོ་ཆུང་གིས་ཞིབ་བཤེར་དཔྱད་འདེམས་བྱས་པ་བརྒྱུད།  རྒྱལ་ཡོངས་སློབ་གསོའི་སྡེ་ཁག་གི་སྔོན་ཐོན་ཐུན་མོང591དང་རྒྱལ་ཡོངས་དགེ་རྒན་དཔེ་བཟང717། རྒྱལ་ཡོངས་དགེ་རྒན་ཕུལ་བྱུང895དང་རྒྱལ་ཡོངས་སློབ་གསོའི་སྡེ་ཁག་གི་སྔོན་ཐོན་ལས་དོན་པ80། རྒྱལ་ཡོངས་སློབ་གསོའི་ལས་དོན་པ་ཕུལ་བྱུང99བཅས་ལ་གཟེངས་བསྟོད་བྱ་རྩིས་ཡོད།

    རང་ཁུལ་གྱི་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་རྒྱལ་ཡོངས་སློབ་གསོའི་སྡེ་ཁག་གི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་མིང་ཐོར་ཚུད་པ་དང། སེར་ཤུལ་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་འབྲིང་གི་དགེ་རྒན་ལི་ཙུའོ་ཞང་རྒྱལ་ཡོངས་དགེ་རྒན་དཔེ་བཟང་གི་གཟེངས་བསྟོད་མིང་ཐོར་ཚུད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཝང་ཞའོ་ཆིན་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གི་གཟེངས་བསྟོད་མིང་ཐོར་ཚུད་པ་རེད།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་སྦྱངས་འབྲས་ལེགས་ཐོན་སློབ་མར་བྱ་དགའ་སྤྲད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།