ཁྲུན་གཅོད་ཚད་གཞི་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་མངོན་མེད་རྐྱེན་ངན་དག་ཐེར་བྱས།

        2024-08-26

རང་ཁུལ་ས་གནས་ཁག་གི་སྡེ་ཚན་ཁག་དང་ཁེ་ལས་ཁག་གིས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞི་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱ་རྒྱུར་བསྐུལ།

     མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་ཁེ་ལས་ཀྱི་མི་མངོན་པའི་ཉེན་ཁ་ལ་ཞིབ་བཤེར་བྱེད་བཞིན་པ། གསར་འགོད་པས་ཁུལ་འཚུབ་བསྟུན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་བསྟུད་མར་རང་ཁུལ་ས་གནས་ཁག་གི་སྡེ་ཚན་ཁག་དང་། ཁེ་ལས་ཁག་གིས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞིའི་གསོ་སྦྱོང་བྱས་པར་མ་ཟད།སློབ་སྦྱོང་བེད་སྤྱོད་ཀྱི་རང་འགུལ་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས་འགན་འཁྲི་འཁུར་སེམས་ཆེ་བའི་ཐོག་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་མཐིལ་ཚད་སྲུང་གི་ཡོད། དཔལ་ཡུལ་རྫོང་གིས་འཕེལ་བསྒྱུར་དང་།རང་བྱུང་ཐོན་ཁུངས།སྐྱེ་ཁམས་ཁོར་ཡུག།འཚུབ་བསྟུན་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་བསྡུས་ནས་རྫོང་དེའི་སྒ་རྗེ་སྡེ་ཁུལ་དུ་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞི་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ནས་ཉེན་མེད་ཐོན་སྐྱེད་ཀྱི་ཞིབ་བཤེར་ལས་དོན་ཡག་པོར་སྤེལ་ཡོད། གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་འགན་འཁུར་བ་ལིའུ་ཆང་གིས་གསར་འགོད་པར་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞི་ཁྱབ་བསྒྲགས་ལག་ལེན་བསྟར་བ་ནས་བཟུང་གཡས་པ་ཐང་ཆུ་གློག་ས་ཚུགས་ལས་གཞི་པུའུ་ཡིས་རི་མོ་སྦྱར་བ་དང་།གསལ་བཤད་བྱང་བུ་དང་ཁུག་མའི་དཔེ་དེབ་སོགས་བཟོས་ནས་བྱེད་ཐབས་རབ་དང་རིམ་པ་སྤེལ་བར་ཕན་འབྲས་མངོན་གསལ་ཐོན་པ་དང་། ལས་བཟོ་མང་པོ་ཞིག་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སྙན་སེང་ཞུ་ཐུབ་པ་བྱུང་ཡོད། ཉག་ཆུ་རྫོང་དུ་དུས་ཡུན་ཉིན་གསུམ་གྱི2024ལོ་འཁོར་གྱི་ཉེན་མེད་ཐོན་སྐྱེད་ལས་སྒོའི་ནུས་པ་དང་ཆུ་ཚད་ཀྱི་ཆེད་དོན་ཟུར་ཁྲིད་གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་ནང་ཞུགས་མཁན་ལས་བྱེད་པ་དང་ལས་བཟོ། ཁེ་ལས་ཀྱི་འཐུས་མིས་ཕན་པ་མི་ཉུང་བ་ཐོབ་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། ད་ཐེངས་ཀྱི་གསོ་སྦྱོང་ནང་དམིགས་བསལ་གདན་འདྲེན་ཞུས་པའི་རིགས་གཅིག་མཁས་ཅན་གྱིས་ཉེན་མེད་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་།ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས། ཉེ་དུས་ཀྱི་ལས་འཛོལ་དཔེ་མཚོན་དབྱེ་ཞིབ། མངོན་མེད་རྐྱེན་ངན་གྱི་ཁྲུན་གཅོད་ཚད་གཞི། ཚད་ཡོད་བར་སྟོང་ལས་སྒྲུབ། མེ་གསོད་བདེ་འཇགས། མེ་གསོད་ལས་སྒྲུབ། འབྲུབ་འགོག་གནོད་འཚེ་ཉུང་གཏོང་སོགས་གཙོ་གནད་ལས་སྒོའི་ཤེས་བྱར་དམིགས་ནས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་ནང་ཞུགས་མཁན་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དང་། ལས་བགོས་འགན་འཁུར་བ་གཞོན་པ། ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོ། བདེ་འཇགས་དོ་དམ་མི་སྣ་སོགས་མི120ལྷག་ལ་གསོ་སྦྱོང་དཔྱད་ཞིབ་བདེ་བླག་ངང་བྱས་ཡོད། སློབ་སྦྱོང་བྱེད་པ་ནི་སྒྲུབ་པའི་རྨང་གཞི་དང་། སྒྲུབ་པ་ནི་སློབ་སྦྱོང་གི་སྤྱོད་སྒོ་ཡིན། ས་གནས་ཁག་ཏུ་དྲིལ་བསྒྲགས་དང་ལག་བསྟར་མཐར་ཕྱིན་སློབ་སྦྱོང་ཚ་ཚ་འུར་འུར་ངང་སྤེལ་བ་དང་དུས་མཉམ་གསེར་རྟ་དང་།སེར་ཤུལ། ཉག་རོང་སོགས་ས་ཁུལ་གྱིས“ལས་འགན་གསལ་ཐོའི”ནང་གི་གཙོ་གནད་ཕྱོགས7ལ་དམིགས་ནས་ཉེན་མེད་ཐོན་སྐྱེད་ལ་ཞིབ་བཤེར་བྱས་ཡོད། གསེར་རྟ་རྫོང་གིས་དམིགས་བསལ་གདན་ཞུ་བྱས་པའི་སི་ཁྲོན་དབྱང་ཁྲེང་ཆང་ཨན་བདེ་འཇགས་ལག་རྩལ་བློ་འདྲི་སྤྱི་གཉེར་ཁང་གི་བདེ་འཇགས་རིགས་གཅིག་མཁས་ཅན་གྱིས་ཁོངས་གཏོགས་ཁུལ་གྱི་ཉེན་ཁ་ཆེ་བའི་ཕུག་ལམ་ལས་གྲྭ(ཧུར་ཤུལ་ཕུག་ལམ་དང་།དོག་ལེ་ཕུག་ལམ།མན་ཐང་ཀུའུ་ཕུག་ལམ། ཤེལ་གྲུབ་ཕུག་ལམ)དང་འགྲུལ་སྐྱེལ་ས་ཚུགས་ལ་ལྐོག་ཞིབ་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་སྙན་སེང་ལ་ཉན་པ་དང་།དཔེ་རིས་དང་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ།ཡུལ་དངོས་སུ་ཁོངས་གཏོགས་ཁག་ལ་ཁྱོན་ཡོངས་ཞིབ་བཤེར་བྱས་ཡོད།སེར་ཤུལ་རྫོང་གིས་རྫོང་འཚུབ་བསྟུན་དོ་དམ་ཅུས་དང་། རྫོང་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཅུས།རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་བསྡུས་ནས་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་བཙུགས་ནས་རླངས་སྣོན་ས་ཚུགས་དང་བཟའ་བཏུང་བྱ་ཡུལ་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་དཔྱད་གཞིའི་ཡིག་རིགས་ལྟ་བ་དང་།ཡུལ་དངོས་སུ་ཞིབ་བཤེར་བྱེད་པ།འབྲེལ་ཡོད་མི་སྣར་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་འབར་རླངས་སྒྲིག་བཀོད་དང་སྒྲིག་ཆས་འཁོར་སྐྱོད་སྲུང་སྐྱོང་། འབར་རླངས་ཉེན་མེད་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ།འབར་རླངས་ཉེན་མེད་སྤྱོད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། ཉག་རོང་རྫོང་གིས་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོ་ཆུང་བསྡུས་ནས་སྔ་རྗེས་སུ་ཀྲུང་གོའི་རྡོ་སྣུམ་སྣུམ་སྣོན་ས་ཚུགས་དང་།དམངས་དོན་ཉོ་ཚོང་སྣུམ་སྣོན་ས་ཚུགས་དང་། མཚལ་རྡོ་མགྲོན་ཁང་། གྲོང་ཁུལ་གྱི་བཟའ་བཏུང་ཆུང་གྲས་ཁག་གཅིག་དང་། དྲྭ་ཁང་། སྨན་ཚོང་ཁང་སོགས་ཚོང་ཁང་དང་ཁེ་ལས43ལ་བསྐྱོད་དེ་མི་སྣ་མང་བའི་གནས་ཡུལ་གྱི་མེ་ཟོན་མངོན་མེད་རྐྱེན་ངན་དང་གློག་སྒུལ་རླངས་འཁོར་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་སོགས་ཀྱི་ཐད་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཟླ་མཇུག་ནས་བཟུང་ཁུལ་ཡོངས་ཀྱིས་དྲྭ་ཐོག་དང་དྲྭ་ཕྱིར་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞི་དྲིལ་བསྒྲགས་དང་ལག་བསྟར་སློབ་སྦྱོང་ཐེངས1750ལྷག་བྱས་པ་དང་ཁྱོན་མི60000ལྷག་སློབ་སྦྱོང་ནང་ཞུགས་ཡོད།དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“ལས་འགན་གསལ་ཐོའི”ནང་གི་གཙོ་གནད་ཕྱོགས7ལ་དམིགས་ནས་ཞིབ་བཤེར་ཚོ་ཆུང652དང་མི2004མངགས་པ་དང་།རིགས་གཅིག་མཁས་ཅན་39གདན་ཞུ་བྱས་པ། ཁེ་ལས980ལ་ཞིབ་བཤེར་བྱས་པ། གནད་དོན་གྱི་མངོན་མེད་ རྐྱེན་ངན1488གྲལ་བཤེར་བཅོས་སྒྲིག་བྱས་པ། ལས་གཞི1070དག་ཐེར་ལེགས་གྲུབ་བྱས་པ། ལས་གཞི418རྒྱུན་མཐུད་དག་ཐེར་བྱས་ཡོད།དེའི་ནང་སྤྱིར་བཏང་གི་མངོན་མེད་རྐྱེན་ངན་ལས་གཞི1449ཡོད་པ་དང་།ལས་གཞི1057ཕྱིར་ཚོང་བྱས་ཡོད། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁག39ཡོད་པའི་ནང་ཁག13དག་ཐེར་ལེགས་གྲུབ་བྱུང་ཡོད། རང་ཁུལ་གྱིས་ཕྱིན་ཆེད་གཙོ་གནད་ལས་རིགས་ཁྱབ་ཁོངས7གྱི་ལས་འགན་གསལ་ཐོ་མུ་མཐུད་ཞིབ་བསྡུར་བྱས་ཏེ་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཚད་གཞི་རྒྱུན་མཐུད་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་མཐར་ཕྱིན་དང་ཏན་ཏིག་སྤེལ་བར་མུ་མཐུད་བསྐུལ་ནས་ཐོན་སྐྱེད་ཉེན་མེད་ལས་འཛོལ་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།།

ཀུན་དགས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཀྲའོ་ཅུན་མིང་དཀར་མཛེས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་ལ་ལྟ་སྐུལ་ཁྲིད་སྟོན་དུ་ཕེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།