འཛམ་གླིང་ཐོག་ལོ་ན་ཆེས་ཆེ་བའི་བགྲེས་སོང་འདི་སྐུ་གཤེགས།

    མི་དམངས་དྲ་བ།    2024-08-23

ཕྱི་རྒྱལ་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། འཛམ་གླིང་ཐོག་ལོ་ན་ཆེ་ཤོས་ཀྱི་རྒས་མོ་མཱ་ལི་ཡ་·པུའུ་ལན་ཉི་ཡ་སི་(Maria Branyas)ཚེས་20ཉིན་སི་ཕེན་གྱི་རྒན་གསོ་ཁང་ཞིག་ཏུ་འདས་ཤིང་དགུང་ལོ་117ཡིན་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། པུའུ་ལན་ཉི་ཡ་སི་ནི་སི་ཕེན་བ་ཡིན་པ་དང་། ཁོ་མོ་1907ལོར་ཨ་རིའི་ཅ་ལི་ཧྥུ་ཉི་ཡར་སྐྱེས་པ་དང་རྗེས་སུ་ནང་མི་དང་མཉམ་དུ་སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡར་ལོག་ནས་ཚེ་མཇུག་བསྐྱལ་བ་རེད། ཁོ་མོ་འཛམ་གླིང་དམག་ཆེན་ཐེངས་གཉིས་དངོས་སུ་བརྒྱུད་མྱོང་བ་དང་། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་ནང་མི་ཚང་མ་ནུབ་རྒྱ་མཚོ་ཆེན་མོ་འཕྲེད་དུ་བརྒལ་བའི་གནས་ཚུལ་དྲན་གྱི་ཡོད། ཁོ་མོ་2023ལོའི་ཟླ་དང་པོར་འཛམ་གླིང་ཐོག་ལོ་ན་ཆེ་ཤོས་ཀྱི་འཇིག་རྟེན་དུ་བཞུགས་པའི་རྒས་མོར་གྱུར་ཡོད།

པུའུ་ལན་ཉི་ཡ་སིས་ཚན་རིག་མཁས་ཅན་ལ་ཁོང་གི་ཚེ་ཐག་རིང་བར་ཞིབ་འཇུག་བྱེད་དུ་བཅུག་ཡོད། ཁོ་མོས་དེ་ནི་ལས་བཟང་བ་དང་གཞི་རྒྱུ། དེ་བཞིན་“སྒྲིག་ལམ་དང་བག་ཕེབས། གཉེན་ཉེ་དང་འབྲེལ་བ་བཟང་བ། རང་བྱུང་ཁམས་ཆེན་མོ་དང་འབྲེལ་འདྲིས་བྱེད་པ། སེམས་ཁམས་བརྟན་པོ་ཡོད་པ། སེམས་ཁྲལ་དང་འགྱོད་པ་མེད་པ། རྟག་ཏུ་ཧུར་བརྩོན་གྱི་སེམས་ཁམས་བཅངས་ནས་མི་ངན་དང་རིང་དུ་གྱེས་པ་”ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། པུའུ་ལན་ཉི་ཡ་སི་ནི་ལོ་རྒྱུས་ཐོག་ར་སྤྲོད་བྱས་པའི་ཚེ་ཐག་རིང་ཤོས་ཀྱི་རྒན་རྒོན་ཨང་12པར་གྱུར་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་།
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་སྒར་སའི་བྱེད་སྒོ་སྐབས་བཅོ་ལྔ་པ་ལིའུ་ཀྲོའུ་རུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།