ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་སྒར་སའི་བྱེད་སྒོ་སྐབས་བཅོ་ལྔ་པ་ལིའུ་ཀྲོའུ་རུ་སྤེལ་བ།

    མི་དམངས་དྲ་བ།    2024-08-23

 འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀོང་ཤིས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ(ཀོང་ཤིས)རྒྱལ་སྤྱིའི་གཞོན་ནུ་སྤེལ་རེས་སློབ་གླིང་གིས་གཉེར་འགན་འཁུར་བའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་སྒར་སའི་བྱེད་སྒོ་སྐབས་བཅོ་ལྔ་པ་ཉིན་ཤས་གོང་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ནས་ཡོང་བའི་གཞོན་ནུའི་འཐུས་མི་བརྒྱ་ལྷག་ཙམ་གྱིས“གཞོན་ནུ་འཇོན་ཐང་ཅན་འཕེལ་རྒྱས་བཏང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན”སོགས་ཀྱི་གྲོས་དོན་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་དང་བགྲོ་གླེང་བྱས་པ་རེད།

    བྱེད་སྒོའི་རིང་ཕྱོགས་གཉིས་པོའི་གཞོན་ནུ་འཐུས་མིས་ས་གནས་ས་ཐོག་ཏུ་འཚམས་འདྲི་སོགས་བྱས་པ་བརྒྱུད་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཐད་ཀྱི་འཕེལ་རྒྱས་གྲུབ་འབྲས་སྔར་བས་ཤེས་རྟོགས་དང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱས་པ་རེད།


  • ལེ་ཚན་སྔོན་མ།:འཛམ་གླིང་ཐོག་ལོ་ན་ཆེས་ཆེ་བའི་བགྲེས་སོང་འདི་སྐུ་གཤེགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།