མཉམ་འབྲེལ་རྒྱལ་ཚོཊ་ཀྱི་རླངས་འཁོར་འབར་གས་བྱུང་བ།

    མི་དམངས་དྲ་བ།    2024-08-20

ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་18ཉིན། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེ་ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་རྟགས་མངོན་གསལ་དོད་པོ་ལྡན་པའི་རླངས་འཁོར་ཞིག་ཉིན་དེར་ལེ་པ་ནོན་གྱི་ལྷོ་རྒྱུད་མཐའ་མཚམས་ཀྱི་ཡ་ལིན་གྲོང་རྡལ་(Yarine)ཉེ་འགྲམ་དུ་འབར་གས་བྱུང་བ་དང་། ཞི་བདེ་སྲུང་སྐྱོང་མི་སྣ་3ལ་རྨས་སྐྱོན་ཡང་མོ་བྱུང་ཡོད་ཅེས་འཁོད་ཡོད།

གསལ་བསྒྲགས་ནང་། ཞི་བདེ་སྲུང་སྐྱོང་མི་སྣ་ཚང་མ་བདེ་འཇགས་ངང་བཅའ་སྡོད་བྱ་ཡུལ་དུ་ཕྱིར་ལོག་བྱས་ཡོད་མོད། འོན་ཀྱང་འབར་གས་དོན་རྐྱེན་གྱི་ཞིབ་ཕྲའི་གནས་ཚུལ་དེ་བས་མང་བ་ཕྱིར་བསྒྲགས་བྱས་མེད་ཅེས་འཁོད་ཡོད།

ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེ་ཡིས་བརྟག་དཔྱད་བྱས་པ་མ་ཟད། འབྲེལ་ཡོད་ཕྱོགས་ཁག་ལ་ཞི་བདེ་སྲུང་སྐྱོང་མི་སྣ་དང་མི་སེར་ལ་གནོད་འཚེ་མི་ཕོག་པའི་འགན་འཁྲི་ཡོད་པའི་དྲན་སྐུལ་ཡང་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཕུའུ་ཅིང་གིས་འགོ་ཁྲིད་འདི་དག་གི་གོ་གནས་བསྐོ་གཞག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།