ཞི་ཅིན་ཕིང་ནས་རིག་གནས་དང་རང་བྱུང་ཤུལ་བཞག་ཐད་ནན་སྟོན་གནང་དོན།

    གངས་ལྗོངས་ཉི་གཞོན།    2024-08-20

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། “པེ་ཅིང་གི་དབུས་ཐིག ཀྲུང་གོའི་གྲོང་ཁྱེར་སྒྲིག་ལམ་ཕུལ་བྱུང་གི་བརྩམས་ཆོས”དང“པ་ཏན་ཅི་ལིན་བྱེ་ཐང་-བྱེ་མའི་རི་ཚོགས་དང་མཚེའུ་ཚོགས”དང“ཀྲུང་གོའི་ཧོང་ཧའེ་དང་པའོ་ཧའེ་རྒྱ་མཚོའི་དུས་བྱ་འཚོ་སྡོད་ཁུལ(དུས་ཐེངས་གཉིས་པ)”བཅས་《འཛམ་གླིང་ཤུལ་བཞག་གི་མིང་ཐོའི》ནང་ཚུད་པ་དེ་ནི། དངོས་པོའི་ཤེས་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་འགྲིག་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུའི་ཐད་ན་བཤད་ན་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཞིང་། འཛམ་གླིང་ཤེས་དཔལ་གྱི་ལྡུམ་རར་བཀྲག་མདངས་བསྣན་ཡོད་ཅེས་བསྟན་ཡོད།


ཞི་ཅིན་ཕིང་གིས། ད་ཐེངས་ཤུལ་བཞག་རེ་ཞུ་ཐུབ་པ་དེ་གོ་སྐབས་སུ་བྱས་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཤུལ་བཞག་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གང་དེར་དུས་རབས་གསར་པར་གསོན་ཤུགས་གསར་པ་དང་བཀྲག་མདངས་གསར་པ་འཚེར་བར་བྱས་ཐོག མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས་པ། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། 


ཉིན་ཤས་གོང་། རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“ པེ་ཅིང་གི་དབུས་ཐིག ཀྲུང་གོའི་གྲོང་ཁྱེར་སྒྲིག་ལམ་ཕུལ་བྱུང་གི་བརྩམས་ཆོས”དང“པ་ཏན་ཅི་ལིན་བྱེ་ཐང་-བྱེ་མའི་རི་ཚོགས་དང་མཚེའུ་ཚོགས”དང“ཀྲུང་གོའི་ཧོང་ཧའེ་དང་པའོ་ཧའེ་རྒྱ་མཚོའི་དུས་བྱ་འཚོ་སྡོད་ཁུལ(དུས་ཐེངས་གཉིས་པ)”བཅས་《འཛམ་གླིང་ཤུལ་བཞག་གི་མིང་ཐོའི》ནང་བཅུག་ཡོད། དེར་བརྟེན། རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་ཁག་59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། །


  • ལེ་ཚན་སྔོན་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།
  • ལེ་ཚན་རྗེས་མ།:《〈སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན〉སྐོར་གྱི་གསལ་བཤད》
  • དོ་སྣང་ཆེ་བའི་རྩོམ།