ཁྲེང་ཏུའུ་ཡིས་ཁང་པ་ཉོ་བའི་སྲིད་ཇུས་གསར་པ་བཏོན་འདུག

    མི་དམངས་དྲ་བ་ནས་དྲངས།    2024-08-15

ཁྲེང་ཏུའུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བརྡ་ཐོ་སྤེལ་ནས་སྡོད་ཁང་ཉོ་ཚོང་གི་འབྲེལ་ཡོད་སྲིད་ཇུས་སྔར་བས་ལེགས་སུ་བཏང་བ་རེད།

གཅིག ཁང་པ་ཉོ་བའི་ཐོབ་ཐང་ཐོབ་ཆེད་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ཁང་ཁུངས་མཛོད་ཁང་ནང་བཅུག་པའི་སྡོད་ཁང་བོགས་གཏོང་བྱས་མེད་པའམ་ཡང་ན་བོགས་གཏོང་གན་རྒྱ་མཚམས་འཇོག་བྱས་ཟིན་ཚེ། རང་མོས་ངང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ཁང་ཁུངས་མཛོད་ཁང་ནས་སྔ་སྣུར་དུ་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་མ་ཟད། ཁྲོམ་རར་བཏོན་ནས་ཉོ་ཚོང་བྱེད་པའི་དུས་ཚོད་ཀྱི་ཚོད་འཛིན་མེད་པར་བཟོ་ཆོག

གཉིས། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་སྡོད་ཁང་གསར་དུ་ཉོ་སྐབས། ཁང་པ་ཉོ་མཁན་གྱིས་སྡོད་ཁང་ཉོ་རྩིས་ཡོད་པའི་ཆུས(གྲོང་ཁྱེར)རྫོང་གི་ཁྱབ་ཁོངས་ནང་གི་སྡོད་ཁང་གནས་ཚུལ་ཁོ་ནར་ཞིབ་བཤེར་བྱེད་པ་དང་། སྡོད་ཁང་མེད་ན་ཁང་པ་དང་པོ་ཡིན་པར་ངོས་འཛིན་བྱེད་དགོས། སྡོད་ཁང་ཉོ་རྩིས་ཡོད་པའི་ཆུས(གྲོང་ཁྱེར)རྫོང་གི་ཁྱབ་ཁོངས་སུ་སྡོད་ཁང་ཡོད་ཀྱང་ཚོང་རར་བཅུག་ནས་འཚོང་བཞིན་ཡོད་ན། སྡོད་ཁང་གི་གྲངས་འབོར་དེ་མཚུངས་ཀྱིས་ཉུང་དུ་གཏོང་ཆོག ཚོང་ལས་དངུལ་ཁང་གིས་ངོས་འཛིན་བྱས་པའི་མཁོ་མཁན་གྱི་སྡོད་ཁང་གི་གྲངས་འབོར་ལྟར། མི་སྒེར་གྱི་སྡོད་ཁང་དངུལ་བུན་གཏོང་བའི་ལས་སྒོ་གཉེར་བར་རྒྱབ་སྐྱོར་བྱ་དགོས།

གསུམ། ཁྲེང་ཏུའུ་གྲོང་ཁྱེར་དུ་སྡོད་ཁང་2དང་དེ་ཡན་ཡོད་ན་ཡང་དེ་མཚུངས་ཀྱི་ཁང་པ་ཉོ་བའི་དངུལ་བུན་གཙང་རྩིས་བརྒྱབ་ཚེ། དངུལ་རྩའི་སྒྲིག་གཞིས་ཐོག་མར་དངུལ་སྤྲོད་པའི་བསྡུར་ཚད་དང་སྐྱེད་ཚད་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

བརྡ་ཐོ་འདི་2024ལོའི་ཟླ་8ཚེས་13ཉིན་ནས་ལག་བསྟར་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:༄༅།།བོད་ཀྱི་ཡི་གེ་དང་རྩོམ་རིག་རྒྱུན་འཛིན་དང་དར་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།