བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་བཞི་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    མི་དམངས་དྲ་བ་ནས་དྲངས།    2024-07-23

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་བཞི་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་དང་པོ་ནས་གསུམ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། ཉམས་མྱོང་དང་བྱེད་ཐབས་སྤེལ་རེས། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་བཞི་པ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཤིའུ་ཀྲང་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་དང་པོ་ལག་བསྟར་བྱེད་པར་ཆོག་མཆན་སྤྲད་ཚུན། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཁག་གསུམ་རིང་རིམ་རྩིས་བརྒྱབ་ན་བོད་ལ་ཆེད་ལས་ལག་རྩལ་རྐང་འཛིན་པ་1800གསོ་སྐྱོང་བྱས་པ་དང་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ་དུས་ཐེངས་15སྤེལ་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། འཕྲལ་མཁོ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་། དམིགས་བསལ་གསོ་སྐྱོང་བྱ་ཐབས་གསར་གཏོད་བྱེད་པ། གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་རིང་ཤེས་ལྡན་པའི་ནུས་པ་གལ་ཆེན་འདོན་པ་བཅས་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པའི་འདེགས་སྐྱོར་དང་བློ་རིག་གི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།


  • ལེ་ཚན་སྔོན་མ།:མཚོ་བོད་ལྕགས་ལམ་ལྷ་སའི་མེ་འཁོར་ལས་ཚུགས་ཀྱིས་དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:མཚོ་བོད་མཐོ་སྒང་ནས་གནའ་ཤུལ་གལ་ཆེན་ཞིག་རྙེད་འདུག
  • དོ་སྣང་ཆེ་བའི་རྩོམ།