སེར་ཤུལ་རྫོང་དུ་ཞལ་འདེབས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།

མེ་ཏོག        2024-07-22

སེར་ཤུལ་རྫོང་དུ་ཞལ་འདེབས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།

 

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་རེ་འདུན་ལས་གཞི་རྒྱ་ཆེར་གཏང་བ། དབུལ་སྐྱོར་དཀའ་སྐྱོར་དང་དགེ་སྒྲུབ་ལ་དགའ་བའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད། ཡུལ་སྡེ་དར་རྒྱས་གོང་འཕེལ་ལ་རོགས་རམ་བཅས་བྱ་ཆེད། ཉེ་ཆར། ཁྲེང་ཏུའུ་བཟོ་རིགས་ལག་རྩལ་སློབ་གླིང་དང་། ཀྲུང་གོ་འབྲུ་རིགས་ཚོགས་ཁག། གུང་གཞོན་ཚོགས་པ་སེར་ཤུལ་རྫོང་ཨུ་བཅས་ཀྱིས་སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་ཏུ་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད།

    ཐེངས་འདིའི་ཞལ་འདེབས་ནང་ཁྲེང་ཏུའུ་བཟོ་རིགས་ལག་རྩལ་སློབ་གླིང་གིས་ཞལ་འདེབས་ཕུལ་བའི་མདུན་ཅོག་དང་རྐུབ་སྟེགས་ཆ550དང་དེ་བཞིན་ཀྲུང་གོ་འབྲུ་རིགས་ཚོགས་ཁག་འགོ་གཙོ་ཞུས་ཞི་ལུང་གིས་རོགས་སྐྱོར་བྱས་པའི་དངོས་ཟོག་སྐྱེལ་འདྲེན་གྲོན་དངུལ་སྒོར50000ཡོད་པ་དང་།  དེའི་ནང་མདུན་ཅོག་དང་རྐུབ་སྟེགས་ཆ80ཀ་བཞི་ཡུལ་ཤོག་ལྟེ་བའི་སློབ་གྲྭར་ཞལ་འདེབས་ཕུལ་བ་དང་མདུན་ཅོག་དང་རྐུབ་སྟེགས་ཆ50བ་རོང་གྲོང་ཚོའི་སློབ་ཆུང་ལ་ཞལ་འདེབས་ཕུལ། གཞན་སྲིད་འཛིན་གྲོང་ཚོ་བརྒྱད་ལ་ཆ་སྙོམས་གྲོང་ཚོ་རེར་མདུན་ཅོག་དང་རྐུབ་སྟེགས་ཆ50ཞལ་འདེབས་ཕུལ། ལྷག་མ20ཉར་ཚགས་བྱས་ནས་དགོས་མཁོ་ཡོད་སྐབས་སྤྱད་རྒྱུ་རེད།

      ཁྲེང་ཏུའུ་བཟོ་རིགས་ལག་རྩལ་སློབ་གླིང་དང་། གུང་གཞོན་ཚོགས་པ་སེར་ཤུལ་རྫོང་ཨུ། དེ་བཞིན་ཀྲུང་གོ་འབྲུ་རིགས་ཚོགས་ཁག་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་ཀྲུང་ཧྭ་མི་རིགས་ཀྱི་ལེགས་སྐྱེས་འབུལ་འདོད་པ་དང་གཞན་ལ་རོགས་རམ་བྱེད་འདོད་པའི་སྲོལ་རྒྱུན་སྤྱོད་བཟང་སྔར་བས་དར་སྤེལ་བཏང་ནས་ཉམས་ཞན་ཁྱུ་ཚོགས་དེ་བས་མང་བར་གཅེས་སེམས་ཕུལ་བ་དང་དྲོ་སྐྱིད་ལྡན་པའི་སེར་ཤུལ་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དུ་ཆེད་ལས་སྨན་པ་མང་པོ་ཡོང་ནས་སྤྱི་ཕན་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།