སེར་ཤུལ་རྫོང་དུ་གནའ་རྫས་ཚོང་ཚོགས་ཆེན་མོ་སྐབས་གསུམ་པ་གཉེར་བའི་པར་རིས་བདམས་བཀོད།

( མེ་ཏོག་གིས་བྲིས་ཤིང་པར་བླངས། )        2024-07-05


སེར་ཤུལ་རྫོང་དུ་གནའ་རྫས་ཚོང་ཚོགས་ཆེན་མོ་སྐབས་གསུམ་པ་གཉེར་བའི་པར་རིས་བདམས་བཀོད།


སེར་ཤུལ་རྫོང་དུ་གནའ་རྫས་ཚོང་ཚོགས་ཆེན་མོ་སྐབས་གསུམ་པ་གཉེར་བའི་པར་རིས་བདམས་བཀོད།


སེར་ཤུལ་རྫོང་དུ་གནའ་རྫས་ཚོང་ཚོགས་ཆེན་མོ་སྐབས་གསུམ་པ་གཉེར་བའི་པར་རིས་བདམས་བཀོད།


སེར་ཤུལ་རྫོང་དུ་གནའ་རྫས་ཚོང་ཚོགས་ཆེན་མོ་སྐབས་གསུམ་པ་གཉེར་བའི་པར་རིས་བདམས་བཀོད།


ཉེ་བའི་སྔོན་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཧུའུ་པེ། སི་ཁྲོན་སོགས་ས་ཁུལ་ཁག་ནས་ཡོང་བའི་གནའ་རྫས་ཚོང་པ65དང་གནའ་རྫས་ཉར་ཚགས་བྱེད་མཁན་མང་པོ་སེར་ཤུལ་དུ་འཛོམས་ནས་ཉིན་ལྔ་རིང་ཉར་ཚགས་དངོས་རྫས་སྤེལ་རེས་བྱས།

ཡུལ་དངོས་སུ་ཉར་ཚགས་བྱེད་མཁན་མང་པོ་ཞིག་གིས་དཀར་ཆས་དང་། གཡུ་བྱུར། ཟངས་ཆས། སྤོས་ཤེལ། གཟི། གསེར་དངུལ་ཟངས་ལྕགས་ཀྱི་རྒྱན་ཆ། ཁྲབ་རྨོག་སོགས་གནའ་རྫས་རྩ་ཆེན་སྣ་ཚོགས་བཤམས་པ་དང་། གནའ་རྫས་དེ་དག་ལས་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་མངོན་ཡོད།

ཐེངས་འདིའི་བྱེད་སྒོ་བརྒྱུད་ས་གནས་དེ་གའི་གནའ་རྫས་ཉར་ཚགས་པ་དང་གནའ་རྫས་ལ་དགའ་པོ་ཡོད་མཁན་ཚོར་སྤེལ་རེས་དང་འགྲེམ་སྟོན་གྱི་སྟེགས་བུ་མཁོ་འདོན་བྱས་པར་མ་ཟད། སེར་ཤུལ་རྫོང་གི་ལོ་རྒྱུས་རིག་གནས་དང་། དམངས་སྲོལ་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་དྲིལ་བསྒྲགས་བྱས་ཤིང་། གནའ་རྫས་ཀྱི་ལོ་རྒྱུས་རིག་གནས་ཐོན་ལས་འཕེལ་ཕྱོགས་དང་འཚམ་པའི་གནའ་རྫས་སྒྱུ་རྩལ་ཐོན་རྫས་ཉར་ཚགས་དང་། འགྲེམ་སྟོན། ཉོ་ཚོང་བཅས་ཀྱི་སྟེགས་བུ་ཞིག་བཏོད་ཡོད།། 


  • ལེ་ཚན་སྔོན་མ།:མཆུ་ཤོ་ནད་པའི་བདེ་སྐྱིད་ཀྱི་འཛུམ་མདངས།
  • ལེ་ཚན་རྗེས་མ།:ཆབ་སྲིད་སྒྲིག་ཁྲིམས་ཀྱིས་སྣེ་ཁྲིད་དེ་སྒྲིག་ཁྲིམས་ཁག་དྲུག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་རྩོམ་པར་སྒྲིག་ཁྲིམས
  • དོ་སྣང་ཆེ་བའི་རྩོམ།