( བདེ་སྐྱིད་ཀྱིས་བསྒྱུར།) 2024-07-08
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བཀོད་སྒྲིག་ལྟར། སྤྱི་ཟླ6པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཏང་གི་སྒྲིག་ཁྲིམས་ལ་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ལག་བསྟར་བྱ་བར་དམིགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་སྙན་སེང་གནང་བ་རེད། ཁོང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཆབ་སྲིད་སྒྲིག་ཁྲིམས་ཀྱིས་སྣེ་ཁྲིད་དེ་སྒྲིག་ཁྲིམས་ཁག་དྲུག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཆབ་སྲིད་ཀྱི་བརྟན་ཤུགས་དང་སྒྲིག་ཁྲིམས་ཀྱི་བརྟན་ཤུགས། ཀུན་སྤྱོད་ཀྱི་བརྟན་ཤུགས། རུལ་འགོག་གི་བརྟན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བློ་དཀར་དང་སྤྱོད་གཙང་།འགན་ཁུར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་རྩོམ་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྲེན་དབྱང་གིས་གཅིག་ནས་ལྡོག་ཕྱོགས་ཀྱི་དཔེ་མཚན་གྱོད་དཔེ་ལ་བརྟེན་ནས་རང་སྐྱོང་རང་བརྟག་བྱེད་པ་དང་། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས།ཏང་གི་སྒྲིལ་སྲོལ་བརྩི་སྲུང་དང་།ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་ཐུབ་པར་བྱ་དགོས་པ་དང་། གཉིས་ནས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཐད་ནས་བསམ་ཞིབ་བྱས་ཏེ། ཏང་དོ་དམ་དང་ཏང་ནན་སྐྱོང་མི་བྱེད་པ་དང་། འགན་ཤོར་འགན་འཛོལ་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས། གསུམ་ནས་སྤྱོད་གཙང་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཐད་ནས་བསམ་ཞིབ་བྱས་ཏེ། སྒྲིག་ཁྲིམས་ལས་འགལ་བ་དང་རང་སྣང་གང་ཤར་གྱིས་གང་དྲན་བྱེད་པའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས། བཞི་ནས་མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཐད་ནས་བསམ་ཞིབ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཏང་དང་མང་ཚོགས་བར་གྱི་འབྲེལ་བར་གཏོར་བཤིག་གཏོང་བའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས།ལྔ་ནས་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཐད་ནས་བསམ་ཞིབ་བྱས་ཏེ་འགན་དབང་གང་བྱུང་དུ་སྤྱོད་པ་དང་རང་འཁྲི་སྣང་མེད་དུ་འཇོག་པའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས།དྲུག་ནས་འཚོ་བའི་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཐད་ནས་བསམ་ཞིབ་བྱས་ཏེ་མི་སྒེར་གྱི་ཀུན་སྤྱོད་ངན་པ་དང་། ཁྱིམ་སྲོལ་དང་སློབ་གསོའི་མིག་དཔེ་དང་འགལ་བ་བཅས་ཀྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས་པ་བཅས་ནས་ནན་གསུང་གནང་།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10