2024-06-24
སྤྱི་ཟླ6པའི་ཚེས20ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཁུལ་ལུས་རྩལ་ལྟེ་གནས་དང་། དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་དང་ཉི་འོད་འོག་འཚར་ལོངས་བྱུང་བ་ཞེས་པ་གཙོ་དོན་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་འགོ་ཚུགས་པ་རེད།
ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡན་ལེ། ཁུལ་ཨུ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ལུས་རྩལ་སློབ་གསོ་མཉམ་ལས་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པ་ཞུའུ་ཧྲི་ཏུང་། དཀར་མཛེས་ཁུལ་ཨུའི་སློབ་གསོ་བཟོ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཧྥན་ཡུས་ལེང་དང་། དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། དཀར་མཛེས་ཁུལ་ཨུའི་སློབ་གསོ་བཟོ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཧྥན་ཡུས་ལེང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་གིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས།ཞོགས་པའི་ཉི་འོད་འོག་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་ལྟད་མོ་བ་སྟོང་ཕྲག་མང་པོའི་གདོང་ན་དགའ་སྤྲོའི་རྣམ་པས་ཁེངས་བཞིན་འགོ་ཚུགས་མཛད་སྒོའི་ལྟད་མོར་ཞུགས་པ་རེད། སྔ་དྲོའི་དུས་ཚོད9པར་ལུས་རྩལ་ར་བར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་སློབ་གྲྭ་ཆུང་འབྲིང་གི་འགྲན་ཚོགས་རུ་དར་གྱི་སྣེ་ཁྲིད་འོག་ཤན་འབྱེད་པའི་དཔུང་ཁག་དང་། རྫོང(གྲོང་ཁྱེར) དུང་དཀར་ལུང་པ་བཅས་ནས་ཡོང་བའི་འཐུས་ཚབ་རུ་ཁག19དང་ཐད་གཏོགས་སློབ་གྲྭ3གྱི་རུ་ཁག་བཅས་རིམ་པ་བཞིན་ཚོགས་རར་ཞུགས་པ་རེད། ཚོགས་རར་ཡོངས་སུ་འཛོམས་རྗེས་མི་རྣམས་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་རྒྱལ་དར་དང་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་ཚོགས་པའི་རུ་དར་བསྒྲེངས།
མཛད་སྒོར་ལུས་རྩལ་ལེ་ཚན་དང་སྒྱུ་རྩལ་རང་བཞིན་མཉམ་དུ་འདྲེས་ཤིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཀར་མཛེས་ཁུལ་གྱི་རིག་གནས་རྣམ་པ་གང་ལེགས་མངོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་གྱི་དུས་ཡུན་ཉིན7ཡིན་ལ། འགྲན་སྡུར་ནང་ཞུགས་མཁན་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་ཉིན7གྱི་རིང་ལ་སླེ་གྲུག་དང་རྐང་གྲུག། འཕེན་འཕང་སྤོ་ལོ། མཆོང་རྒྱུག་དང་ཀྲུང་ལུགས་རི་མོ། བྲིས་གཟུགས། ཞབས་བྲོ། མཉམ་ལེན་སོགས་ཀྱི་འགྲན་སྡུར་བྱ་རྒྱུ་ཡིན་པ་རེད།།( ཨོ་རྒྱན་དང་ཡེ་ཤེས།རྟ་མགྲིན་གྱིས་བྲིས་ཤིང་པར་བླངས།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10