2024-06-20
ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པར་བསྐྱོད་དེ་འབྲུབ་དུས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས། ཁོས་ཉེན་མེད་འདུ་ཤེས་ཟབ་ཏུ་གཏང་བ་དང་བདེ་འཇགས་ཀྱི་མཚམས་ཐིག་ནན་སྲུང་། འབྱུང་ཁུངས་བཅོས་སྐྱོང་ལ་ཤུགས་རྒྱག་པ་བཅས་བྱས་སྟེ་ཉེན་མེད་ཀྱི་འགན་སྲུང་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་བཤད་བྱས།
ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ཡུལ་སྐོར་ཉེན་མེད་འགན་ལེན་དང་འབོ་ཞབས་གྲོང་རྡལ་འཆམ་མཐུན་གྲོང་ཚོ་གསུམ་པའི་ཨའོ་ཁོའུ་ཕིང་གས་རྡིབ་བཅོས་སྐྱོང་ལས་གཞི། ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་ཨན་ཅ་ཝན་གྲོང་ཚོའི་ཀའོ་ཧོ་རགས་འདམ་རྡོའི་ཆུ་རགས་བཅོས་སྐྱོང་ལས་གཞི། སྡེ་དབུས་གྲོང་རྡལ་ཅིན་ཏུང་ཙི་གྲོང་ཚོའི་གནས་སྐབས་ཉེན་གཡོལ་ས་ཚིགས་ཚད་ལྡན་ཅན་དུ་བསྐྲུན་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ད་དུང་ཡིང་ལེང་པའོ་གློག་ཁང་དང་ཁམས་པ་འབར་རླངས་སྤྱི་གཉེར་ཁང་སོགས་སུ་བསྐྱོད་དེ་ལས་གཞི་གལ་ཆེན་གྱི་ཉེན་མེད་ཐོན་སྐྱེད་དང་མེ་ཟོན། འགྲིམ་འགྲུལ་ཉེན་མེད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་དུང་དཀར་ལུང་པ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10