གསར་འགྱུར་གནད་བསྡུས།

སྐལ་ཐུབ་ཀྱིས་བསྒྱུར།        2024-07-11

    ༄༅།། སྤྱི་ཟླ7པའི་ཚེས3ནས7ཉིན་གྱི་བར། ཞིང་དཔོན་གཞོན་པ་ཙུའོ་ཡུང་ཞང་རྔ་བ་ཁུལ་དང་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་ཐན་འགོག་པའི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་ལེན་ནན་ཏིག་བསྟར་བ། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་དམ་པོར་བཅང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་དང་། སྐྱེ་ཁམས་དང་ཐོན་ཁུངས་ཉེན་མེད་ཡོང་བར་བསྲུངས་ཏེ། འབྱུང་འཕྲོད་འཕེལ་རྒྱས་ཇེ་ཆེར་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།


     ༄༅།། སྤྱི་ཟླ7པའི་ཚེས4ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཞོད་འགོག་དང་ས་གཤིས་གནོད་འཚེ་འགོག་པའི་བཀོད་གཏོང་གྲོས་ཚོགས་གཙོ་སྐྱོང་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅང་ཞི་ཅུའུ་ཅང་དུ་ཞོད་འགོག་ལས་དོན་ལ་ཞིབ་བཤེར་ཁྲིད་སྟོན་གནང་དུས་ཀྱི་མཛུབ་སྟོན་སྙིང་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཚབ་ཞིང་དཔོན་ཧྲི་ཞའོ་ལིན་གྱི་མཆན་བཀོད་བླང་བྱ་བརྒྱུད་བསྒྲགས་ལག་ལེན་བྱེད་ཅིང་། སྐབས་བསྟུན་རྫོང་དང་གྲོང་ཁྱེར་གཙོ་བོ་ཁ་ཤས་ཀྱི་ཞོད་འགོག་དང་ས་གཤིས་གནོད་འཚེ་འགོག་ཚུལ་ལ་བཀོད་གཏོང་གནང་ཞིང་ཕྱིན་ཆད་ལས་དོན་གཙོ་བོ་བཀོད་སྒྲིག་གནང་བ་རེད།།


   ༄༅།། སྤྱི་ཟླ7པའི་ཚེས5ཉིན་ལ། དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་སྐབས་གསར་པ་འཛུགས་པའི་རྟོག་ཞིབ་དཔྱད་གདེང་བཞུགས་མོལ་གྲོས་ཚོགས་འཚོགས་ཤིང་། ཞིང་ཆེན་རྟོག་ཞིབ་དཔྱད་གདེང་ཚོ་ཆུང་གི་ཚོ་དཔོན། དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་ཐིང་ཏང་ཚན་ཁག་གི་ཁོངས་མི། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་མེ་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྲེན་དབྱང་གིས་གཙོ་སྐྱོང་གནང་ཞིང་ཁས་ལེན་གསུང་བཤད་གནང་བ་རེད།།


   ༄༅།། སྤྱི་ཟླ7པའི་ཚེས5ཉིན་ལ། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། བློ་མཐུན་ཝང་ཧུའུ་ཉིང་གིས་སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་བླང་བྱ། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆའི་སྙིང་དོན་བཅས་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་ལེན་བསམ་འཆར་ཞིབ་འཇུག་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།


   ༄༅།། སྤྱི་ཟླ7པའི་ཚེས5ཉིན་ལ། ཁུལ་ཨུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ། ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་མཐར་ཕྱིན་བྱེད་ཅིང་། ལས་དོན་སྒྲིག་ལམ་དང་འཚོ་བའི་སྒྲིག་ལམ་ལ་གཙོ་བོ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།།


   ༄༅།། སྤྱི་ཟླ7པའི་ཚེས6ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་བརྙན་འཕྲིན་བཀོད་གཏོང་བརྒྱུད་དེ་རྫོང་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་གཙོ་བོའི་ལས་དོན་བསྒྲུབས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཉེ་དུས་ཞོད་འགོག་གནོད་སྐྱུང་དང་ཉེན་མེད་ཐོན་སྐྱེད། སྤྱི་ཚོགས་བརྟན་བརླིང་སོགས་ལས་དོན་གཙོ་བོར་སླར་ཡང་ནན་བསྟན་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱེད་ཅིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་སྙིང་དོན་ལག་ལེན་ནན་ཏིག་བསྟར་བ། འབད་འཐབ་བསྟུད་མར་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་ཞིང་། དཔལ་འབྱོར་སྤུས་ཚད་མཐོན་པོ་ཡོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོར་ཡོང་བའི་ལས་དོན་ཁག་མཐར་ཕྱིན་པ་དང་ཞིབ་ཕྲ་བ། དོན་ལ་འཁྱོལ་བའི་སྒོ་ནས་བསྒྲུབས་ཏེ། གྲུབ་འབྲས་བཟང་པོས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྣམ་པར་རྒྱལ་བའི་ངང་འཚོག་པར་བསུ་བ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།།


    ༄༅།། སྤྱི་ཟླ7པའི་ཚེས6ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སི་ཁྲོན་རྒྱལ་སྐྱོད་སློབ་གླིང་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་དུ་ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨན་ཆི་དབྱི་དང་མཇལ་འཕྲད་གནང་བ་རེད། ཁོང་གིས་ཨན་ཆི་དབྱི་ཡིས་ཀྲུང་གོའི་སེམས་པ་མཉམ་དུ་སྐྱོང་ཞེས་པའི2024ལོའི་དཀར་མཛེས་ཁུལ་དུ་སྐྱོད་པའི་བྱེད་སྒོའི་ལས་དོན་ཚོ་ཆུང་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དུ་སླེབས་པར་དགའ་བསུ་ཞུས་ཤིང་། མཐོ་སྒང་ས་ཆའི་ནད་རིགས་འབྱུང་མང་བར་སྨན་བཅོས་རོགས་སྐྱོབ་དང་། རང་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་པར་རོགས་དན། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་སོགས་ལ་དམིགས་ནས་སྤེལ་རེས་བཞུགས་མོལ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།