ཆེད་ལས་གསོ་སྦྱོང་གིས་རྩལ་ནུས་ཆེ་རུ་བཏང་། ཡིད་ཆེས་བརྟན་པོ་ཡིས་ཡུལ་སྡེ་དར་རྒྱས་བསྐུལ།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-07-10

ཉེ་ཆར། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་གཉེར་སྐྱོང་དོ་དམ་ཆུ་ཚད་དང་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏང་བ་དང་།ཉག་རོང་རྫོང་གི་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སི་ཁྲོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་། ཉག་རོང་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། སི་ཁྲོན་ནུབ་རྒྱུད་ཞིང་སྡེ་གསར་པ་འཛུགས་སྐྲུན་གསོ་སྦྱོང་ལྟེ་གནས་དང་ཐེང་ཞུན་རྒྱུན་མཐུད་སྤྱི་ཚོགས་རིན་ཐང་བྱ་གཞག་པུའུ་བཅས་ཀྱིས་གྲོང་སྡེའི་འཕེལ་རྒྱས་ཚོད་ལྟ་ཁང་ལ་སྒྲུབ་གཉེར་བྱས་པའི་སི་ཁྲོན་ཉག་རོང་རྫོང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད། རྫོང་ཡོངས་སུ་ཁྱིམ་ཚང་ཞིང་ར་དང་མཉམ་ལས་ཁང་གི་ཁྲིམས་མི།ཡུལ་ཤོག་དང་གྲོང་རྡལ་གྱི་ཟུར་ཁྲིད་པ་བཅས60གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

དུས་ཡུན་ཉིན་ལྔའི་གསོ་སྦྱོང་ནང་ཞིང་ཆེན་ཞིང་སྡེ་གཉེར་སྐྱོང་དོ་དམ་སྤྱི་ཁྱབ་ས་ཚིགས་དང་ཞིང་ཆེན་ཞིང་སྡེ་གཉེར་སྐྱོང་དོ་དམ་སྤྱི་ཁྱབ་ས་ཚིགས་ཀྱི་ཞིང་པའི་མཉམ་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ནོར་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཞིང་པའི་མཉམ་ལས་ཁང་གི་ནོར་དོན་ཚད་ལྡན་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ།ཞིང་པའི་མཉམ་ལས་ཁང་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་སྐོར་ནས་སློབ་ཁྲིད་བྱས་པར་མ་ཟད། སློབ་མ་ཚོར་སྲིད་ཇུས་ཆ་འཕྲིན་གསར་ཤོས་དང་མདུན་སའི་འཕེལ་རྒྱས་འདུ་ཤེས་ཀྱང་ངོ་སྤྲོད་བྱས་པ་རེད། གཞན་ད་དུང་འབྲེལ་ཡོད་སློབ་ཁྲིད་དགེ་རྒན་གྱིས་ནོར་གནག་གི་རྒྱུན་མཐོང་རིམས་ནད་ཚབས་ཆེན་འགོག་ཟོན་དང་ལྟ་ཞིབ་ཚད་ལེན། ཞིང་ལས་ཐོན་སྐྱེད་འདེབས་འཛུགས་ལག་རྩལ་ཚད་ལྡན་ཅན་དང་ཞིང་ལས་ཐོན་རྫས་ཁྲོམ་ར་དང་ཕྱིར་ཚོང་སོགས་འབྲེལ་ཡོད་ཤེས་བྱའི་ཐད་འགྲེལ་བཤད་བརྒྱབ་པ་རེད།

གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོའི་ཤེས་བྱའི་མཐོང་རྒྱ་ཇེ་ཆེར་སོང་བར་མ་ཟད།རྩལ་ནུས་ཇེ་མཐོར་སོང་ཞིང་འཕེལ་རྒྱས་ཀྱི་ཡིད་ཆེས་དང་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ནས་ཉག་རོང་རྫོང་གི་ཡུལ་སྡེ་དར་རྒྱས་དང་།ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཏེ་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་ཆུ་འབྲུབ་དུས་ཀྱི་སྔོན་འགོག་ལས་ཀ་ཡག་པོ་སྤེལ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་དཀར་མཛེས་རྫོང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།