ཁྱོད་རང་ཉལ་ཁར།

གློག་འོད།        2024-07-19

           ཁྱོད་རང་ཉལ་ཁར།

ང་ནི་ཁྱོད་ཀྱི་སྒེའུ་ཁུང་གི་ཕྱི་ནས།

འོད་ཀོར་ཀོར་གྱིས་འཚེར་བའི་ཟླ་བ་དེ་ཡིན་ན་བསམ།

ངས་ཁྱོད་རང་ཁེར་རྐྱང་གི་སུན་སྣང་དང་།

སྨག་རུམ་གྱིས་བཏུམས་པའི་ཁང་ཆུང་དེར།

འོད་སྣང་བཀར་ཞིང་།

ཁྱོད་ཀྱིས་ངའི་ངོ་གདོང་ལ་ཅེར་བཞིན།

སྦ་གསང་ཅི་ཡང་མེད་པར།

སེམས་གཏམ་ཡོད་ཚད་སྲོང་པོར་བརྗོད་པ་དེ་ཉན་འདོད།

ཁྱོད་རང་ཉལ་ཁར།

ང་ནི་ཧ་ཅང་འབོལ་པོའི།

ཁྱོད་ཀྱི་སྔས་སྟན་ཞིག་ཡིན་ན་བསམ།

ཁྱོད་རང་ངལ་དུབ་ཀྱིས་གཟིར་ཏེ།

ངའི་པང་བར་བག་ཕེབས་ཀྱིས་འགྱེལ་དུས།

ངས་བརྩེ་དུངས་དང་བྱམས་པ་ཡོད་ཚད་དེ་བཀོལ་ནས།

ཁྱོད་ཀྱི་ནེམ་ཤ་འཇམ་པོ་ལ་བྱིལ་བྱིལ་བྱས་ཏེ།

ཆེས་ཞིམ་མངར་ལྡན་པའི་རྨི་ལམ་གྱི་ཞིང་

ཁམས་དེར་འཁྲིད་ན་འདོད།


  • ལེ་ཚན་སྔོན་མ།:ཕྱིར་ལོག་མེད་པའི་མི་ཚེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།