གཉན་ཆེན་ཐང་ལྷ།

དུག་ཆུ་ཁོལ་མ།        2024-07-17

             གཉན་ཆེན་ཐང་ལྷ།

ཉི་ཟླ་དང་འགྲོགས་ནས་ལོ་ངོ་ག་ཚོད་འདས།

ཆར་རླུང་དང་བསྡོངས་ཏེ་ལོ་ངོ་ག་ཚོད་ཕྱིན།

གཉན་ཆེན་ཐང་ལྷ།

མཐོ་སྒང་ཞེས་པའི་ས་མཐོའི་གྲུ་ཟུར་ཞིག་ན།

སྲིད་པའི་ལྭ་དཀར་གྱོན་ནས།

ཁྲ་ཟོབ་བེར།

ཁ་མི་གྲག་པར་འགྱིང་ནས་འདུག།

དཔའ་མི་ཞུམ་པའི་བརྟན་བརླིང་དེ་ལས་ཀྱང་།

ལམ་ཐོག་འདིའི་འགྲུལ་བཞུད་པ་དག་ལ།

ང་རྒྱལ་དང་མགོ་འཕང་བསླངས་པར་བྱེད།

མི་རིགས་ཤིག་གི་ལོ་རྒྱུས་ལྟར།

མཐོ་ཞིང་བརྗིད་པའི་ངང་ཚུལ་དེས།

སའི་གོ་ལ་འདིར།

གངས་ལྗོངས་ནི་རི་རབ་ཀྱི་འཇིག་རྟེན་ཡིན་པའི་འགྲེལ་བཤད་རྒྱག་

གིན་འདུག།

ཕྱི་མིག་ཅིས་ཀྱང་བལྟ་དགོས་ཏེ།

ངའི་ཕྱིར་མིག་ཁྲོད་ཀྱི་ཁྱོད་ནི།

བསྐལ་བ་མང་པོའི་རིང་ལ་མཐོ་སྒང་གི་རི་རབ་དང་ས་ཆེན་བསྲུངས་ཏེ།

ཐེར་ཟུག་ངང་འགྲེང་བའི་དཔའ་བོ་ཞིག་ཡིན་པའི་ཉམས་སྣང་སྟེར།


  • ལེ་ཚན་སྔོན་མ།:ཞེ་འཁྲུལ་གྱི་ལབ་གླེང་།
  • ལེ་ཚན་རྗེས་མ།:ཨ་དགུ་ཆ་དགུའི་མུ་འབྲེལ་ཟིན་ཐོ།