2024ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་མཚོ་བྱང་ཁུལ་དུ་འཚོགས།

        2024-07-04

2024ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་མཚོ་བྱང་ཁུལ་དུ་འཚོགས།

སྤྱི་ཟླ་7པའི་ཚེས་3ཉིན། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི་2024ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་མཚོ་བྱང་ཁུལ་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའོ་ཝུའུ་ཨེར་ཅང་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། དེ་ཡང་པེ་ཅིན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱི་ཆེད་མཁས་པ་29ཚོགས་འདུར་ཞུགས་ནས་ལོ་གཅིག་རིང་གི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཡིག་ཆ་དང་། ཏང་སྲིད་ཀྱི་ཡིག་ཚགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་འབྲེལ་ཡོད་སློབ་སྦྱོང་དཔྱད་ཡིག་བཅས་དང་། དེ་བཞིན་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཏུ་ཐོན་པའི་ཐ་སྙད་གསར་པ་བསྡོམས་པས་200གཅིག་བསྡུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ཡོད། །

2024ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་མཚོ་བྱང་ཁུལ་དུ་འཚོགས།


  • ལེ་ཚན་སྔོན་མ།:མཚོ་སྔོན་མཚོ་ནུབ་ཀྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་གནོད་ མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།
  • ལེ་ཚན་རྗེས་མ།:《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད།
  • དོ་སྣང་ཆེ་བའི་རྩོམ།