“མཉམ་ཕྱུག་བཟོ་ཁང་གཉེར་ནས”ལས་ཞུགས་འབབ་འཕར་ལ་རམ་འདེགས་བྱེད་པ།

    མི་དམངས་དྲ་བ་ནས་དྲངས།    2024-06-25

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མའེ།

   མིག་སྔའི་བར“ཧྭའར་ཅོན་ཅོན”གྱིས་ཧྭ་པའོ་སྦྲང་རྩིའི་ལས་རིགས་དང་། ལུའེ་ཧྥུང་སྒོ་ང་། འབྲིའི་འོ་མའི་ལས་རིགས་སོགས་མཚོ་སྔོན་ཞིང་ཆེན་ནང་ཁོངས་ཀྱི་གྲགས་ཅན་ཁེ་ལས་6དང་མཉམ་ལས་མཁོ་སྤྲོད་ཀྱི་འབྲེལ་བ་བཙུགས་ནས་ཐོན་སྤྲོད་ཚོང་གསུམ་གྱི་ཚོང་ཁང་7བཙུགས་པ་རེད།

   “ཏུང་ཀོན·མཉམ་ཕྱུག་བཟོ་ཁང”གཉེར་འགོ་ཚུགས་པ་ནས་ད་བར་ངལ་ནུས་ལག་ཤེས་པ་165བསྡུས་པ་དང་། ལས་ཞུགས་ལས་གནས་558རྒྱུན་ཆད་མེད་པར་ཁྱབ་བསྒྲགས་བྱས་པ། ཆེད་ལས་དང་གཅིག་ལྕོགས་གང་རུང་གི་ངལ་ནུས་མངགས་ཐོ་མི་73དོན་འཁྱོལ་བྱས་པ།

   “ཧྭའར་ཅོན་ཅོན”ཚོང་ཁང་དུ་འཛུལ་སྐབས་གྲོ་ཞིབ་རྫི་མཁན་མཱ་ཧུང་ཡན་གྱིས་བཟོ་ལྟ་ལེགས་ལ་སྟབས་བདེ་བའི་རྒྱ་སེ་མེ་ཏོག་འདྲ་བའི་ཧྭ་ཅོན་བཟོ་བཞིན་འདུག རང་ཁྱིམ་དུ་རྟག་པར་ཟ་བའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐུག་པ་བཟོས་ནས“ལག་ཤེས་པ”ཞིག་ཏུ་གྱུར་བ་དང་། “རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་ཐུབ་པ”བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

   མཱ་ཧུང་ཡན་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཏུང་ཀོན་ཁྲོམ་གཞུང་གི་གྲོང་མི་ཡིན་པ་དང་ཁྱིམ་དུ་བསྡད་ནས་ནང་ལས་བྱེད་པ་ལས་གླ་པར་འགྲོ་བ་དང་ལས་ཀར་སྐྱོད་པའི་ཉམས་མྱོང་གང་ཡང་མེད། འོན་ཀྱང་ཁོང་ལ་ལག་ཤེས་བྱང་ཆུབ་པོ་ཡོད་པ་དང་རང་གིས་བཟོས་པའི་མཚོ་སྔོན་གྱི་སྲོལ་རྒྱུན་མོག་མོག་གི་བྲོ་བ་ཞིམ་པོ་ཡོད། “ངས་མོག་མོག་ཚོང་ཁང་ཞིག་བཙུགས་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་རྩིས་ཡོད་མོད། འོན་ཀྱང་ཁང་གླ་མཐོ་བ་མ་ཟད། ད་དུང་འགྲོ་ལུགས་སྣ་ཚོགས་གཉེར་དགོས་པས་སེམས་ཤུགས་ཉམས་སོང”ཞེས་མཱ་ཧུང་ཡན་གྱིས་བཤད།

   མང་ཚོགས་ལ་ལས་ཞུགས་འབབ་འཕར་གྱི་དཀའ་གནད་འཕྲད་སྐབས་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཀྱིས་ཀྱང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཇི་ལྟར་བྱེད་པའི་ཐད་འཚོལ་ཞིབ་བྱེད་བཞིན་ཡོད། “ང་ཚོས་ཁྲོམ་གཞུང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁག་གཅིག་ལ་འཚམས་འདྲི་དང་མཐིལ་རྟོགས་བྱེད་རིང་ཁོངས་གཏོགས་ཁུལ་དུ་བུད་མེད་མང་པོ་ཞིག་གིས་བཟོས་པའི་མོག་མོག་དང་བག་ལེབ་ལ་ཁྱད་ཆོས་མང་པོ་ལྡན་ལ་ཁག་གཅིག་ལག་རྩལ་ཡག་པོ་ཡོད་ཀྱང་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་འཚོལ་ཐུབ་མེད”གྲོང་ཤར་ཆུས་ཏུང་ཀོན་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཧུང་ཡིང་ལ་ལས་ཞུགས་ལས་སྟེགས་བསྐྲུན་ནས་བུད་མེད་ཚོ་ལས་ཀར་ཞུགས་ཐུབ་པ་བྱེད་པའི་བསམ་བློ་འཁོར་བ་དེ་མཱ་ཧུང་ཡན་གྱིས་ལག་རྩལ་ལ་བརྟེན་ཏེ་ཡོང་འབབ་འཕར་འདོད་པའི་བསམ་བློ་དང་མ་གྲོས་གཅིག་མཐུན་བྱུང་ཡོད།

   དུས་གོང་གི་ཡར་རྒྱུག་མར་རྒྱུག་དང་གྲ་སྒྲིག་སྣ་ཚོགས་བྱས་མཐར་ཏུང་ཀོན་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་གིས“ཏུང་ཀོན·མཉམ་ཕྱུག་བཟོ་ཁང”ཞེས་པའི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ལས་ཞུགས་འབབ་འཕར་གྱི་རོགས་སྐྱོར་ལས་སྟེགས་བསྐྲུན་པ་དང་། “ལག་ཤེས་པའི་ཐོན་ཁུངས་མཛོད་དང་། ཐོན་རྫས་ཀྱི་ཐོན་ཁུངས་མཛོད། མཉམ་ལས་རོགས་ཟླའི་མཛོད་བཅས་ལ་བརྟེན་ནས‘བཟོ་ཁང’གི་མི་ཤུགས་ཐོན་ཁུངས་དང་། ཐོན་རྫས་ཆ་འཕྲིན། མཉམ་ལས་ཁྱུ་ཚོ་བཅས་གཅིག་ཏུ་སྦྲེལ་ཏེ་བེད་མེད་དུ་ལུས་པའི་ཐོག་ཁང་དང་གྲོགས་པོ་དང་ཚོང་པ་མཉམ་ལས་སོགས་ཀྱི་ཐོན་ཁུངས་སྤྱད་ནས་དངོས་ཚན་ཅན་གྱི་ལས་གཉེར་དང་ལས་ཞུགས་འབབ་འཕར་ལ་ཐ་སྐྱོང་བྱེད་དགོས”ཞེས་ཀྲང་ཧུང་ཡིང་གི་དམིགས་ཚད་འཆར་གཞི་དེ་བས་ཁ་གསལ་དུ་གྱུར་ཡོད་པ་རེད།

    མི་རིང་བར་གནའ་བོའི་ཏུང་ཀོན་གྱི་མཚོ་སྔོན་གྱི་སྲོལ་རྒྱུན་ལག་བཟོས་མོག་མོག་དང་བག་ལེབ་རིག་གནས་དང་། བཟོ་རྩལ། བསྔགས་བརྗོད་ཐོབ་ཚད་བཅས་རྨང་གཞིར་བྱས་ཏེ་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱིས་མ་དངུལ་བཏོན་ཏེ་མཚོ་སྔོན་གྱི་ཧྭའར་ཅོན་ཅོན་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པ་དང“ཧྭའར་ཅོན་ཅོན”སྤུས་རྟགས་ཚོང་རྟགས་ཐོ་འགོད་བྱས་མཐར་མཱ་ཧུང་ཡན་ལ་རང་ཉིད་ཀྱི་ལག་ཤེས་ངོམས་ས་ཞིག་བྱུང་ཡོད།

མིག་སྔའི་བར“ཧྭའར་ཅོན་ཅོན”གྱིས་ཧྭ་པའོ་སྦྲང་རྩིའི་ལས་རིགས་དང་། ལུའེ་ཧྥུང་སྒོ་ང་། འབྲིའི་འོ་མའི་ལས་རིགས་སོགས་མཚོ་སྔོན་ཞིང་ཆེན་ནང་ཁོངས་ཀྱི་གྲགས་ཅན་ཁེ་ལས་6དང་མཉམ་ལས་མཁོ་སྤྲོད་ཀྱི་འབྲེལ་བ་བཙུགས་ནས་ཐོན་སྤྲོད་ཚོང་གསུམ་གྱི་ཚོང་ཁང་7བཙུགས་པ་རེད། ད་ལྟ་འཚོང་བའི་རྒྱ་སེ་མེ་ཏོག་འདྲ་བའི་ཧྭ་ཅོན་དང་སྣུམ་བཀྲག་ཁ་ཟས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལག་བཟོས་མོག་མོག་དང་བག་ལེབ་སོགས་རིགས་10ལྷག་ཙམ་ལ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། མཚོ་སྔོན་ཧྭའར་ཅོན་ཅོན་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཉེ་དུས་སྨན་བཅོས་ལུས་གསོ་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ནས“ཧྭའར་ཅོན་ཅོན”གྱི་ཐོན་རྫས་རབ་དང་རིམ་པའི་ས་ཁོངས་བརྒལ་བའི་མཉམ་འདྲེས་དང་ཐོན་རྫས་གསར་པ་ཞིབ་སྤེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་བཟོ་ཁང་གི་ཐོན་རྫས་སྒྲུབ་རིམ་གྱིས་ལག་རྩལ་པའི་བསྡུ་ལེན་དང་འགན་ལེན་ནུས་པ་ཆེ་རུ་གཏོང་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    སྲིད་གཞུང་གིས་ལས་སྟེགས་བསྐྲུན་ནས་ཞབས་ཞུའི་ཁྲོམ་རར་སྐུལ་འདེད་བཏང་ཞིང་།“ཏུང་ཀོན·མཉམ་ཕྱུག་བཟོ་ཁང”གཉེར་འགོ་ཚུགས་པ་ནས་ད་བར་ངལ་ནུས་ལག་ཤེས་པ་165བསྡུས་པ་དང་། ལས་ཞུགས་ལས་གནས་558རྒྱུན་ཆད་མེད་པར་ཁྱབ་བསྒྲགས་བྱས་པ། ཆེད་ལས་དང་གཅིག་ལྕོགས་གང་རུང་གི་ངལ་ནུས་མངགས་ཐོ་མི་73དོན་འཁྱོལ་བྱས་པ། གླ་པ་མི་རེའི་ཆ་སྙོམས་ཉིན་རེར་ཡོང་འབབ་སྒོར་བརྒྱ་ཡན་ཟིན་པ། ལས་མི་བེད་སྤྱོད་ལས་སྤུས་འབོར་གཉིས་ལྡན་བྱུང་བ་དང་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་དྲ་མིན་གྱི“ཁྱིམ་གྱི་སྒོ་འགྲམ”དང་དྲ་ཐོག་གི་བར་ཐག་མེད་པའི་ཞིབ་ཚགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་6.3བཏང་བ།
  • ལེ་ཚན་རྗེས་མ།:གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་འབྲོག་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།