ཧི་མ་ལ་ཡའི་རིག་མཛོད་ཁང་གི་བོད་ཡིག་དཔེ་ཚོགས་འདི་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་རྣམ་གྲངས་སུ་ཚུད།

        2024-05-23

ཉེ་ཆར། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་འཆར་འགོད་དོ་དམ་གཞུང་ལས་ཁང་གིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྣེ་ཁྲིད་དེ་མི་རིགས་དཔེ་སྐྲུན་ཁང་དུ་བསྐྱོད་ནས«བོད་ཀྱི་གནའ་དཔེ་གསུང་རབ་ཀྱི་དཔེ་ཚོགས་ཧི་མ་ལ་ཡའི་རིག་མཛོད་ཁང་གི〈བོད་ཀྱི་རིག་གནས་ཆུང་བ་ལྔ་དང་བརྡ་སྤྲོད་ཀུན་འདུས་དཔེ་ཚོགས〉»སོགས་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

ཧི་མ་ལ་ཡའི་རིག་མཛོད་ཁང་གི་བོད་ཡིག་དཔེ་ཚོགས་འདི་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་རྣམ་གྲངས་སུ་ཚུད།

       ཞིབ་བཤེར་རྩིས་ལེན་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྣམ་གྲངས་ཀྱི་ནང་དོན་དང་། རྩོམ་སྒྲིག་སྤུས་ཚད། མ་དངུལ་དོ་དམ་བྱེད་ཐབས། མྱུར་ཚད་དོ་དམ་བྱེད་ཐབས། སྤྱོད་གཙང་ལམ་ལུགས་འཛུགས་སྐྲུན། མ་དངུལ་བེད་སྤྱོད་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱས་ཏེ། མི་རིགས་དཔེ་སྐྲུན་ཁང་གིས༼ཞུ་དག་ཐེངས་གསུམ༽གྱི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་། འབྲེལ་ཡོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྣམ་གྲངས་ལེགས་སྒྲུབ་བྱ་རྒྱུ་དེ་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་དཔེ་སྐྲུན་དང་དོ་དམ་བླང་བྱ་དང་མཐུན་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྣམ་གྲངས་ཀྱི་ལས་དོན་ལ་ཞིབ་བཤེར་རྩིས་ལེན་དང་ཁས་ལེན་གནང་བ་མ་ཟད། དུས་མཚུངས་སླད་ཕྱིན་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་མ་དངུལ་དོ་དམ་སྐོར་ལ་མི་རིགས་དཔེ་སྐྲུན་ཁང་ལ་བསམ་འཆར་དང་གྲོས་འགོ་གནད་ལ་འཕིགས་པོ་བཏོན་ཡོད།

ཧི་མ་ལ་ཡའི་རིག་མཛོད་ཁང་གི་བོད་ཡིག་དཔེ་ཚོགས་འདི་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་རྣམ་གྲངས་སུ་ཚུད།

       གླེང་རིན་ཡོད་པ་ཞིག་ནི་ད་རེས་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་ཁྲོད། «བོད་ཀྱི་གནའ་དཔེ་གསུང་རབ་ཀྱི་དཔེ་ཚོགས་ཧི་མ་ལ་ཡའི་རིག་མཛོད་ཁང་གི〈བོད་ཀྱི་རིག་གནས་ཆུང་བ་ལྔ་དང་བརྡ་སྤྲོད་ཀུན་འདུས་དཔེ་ཚོགས〉»ཞེས་པ་དེ་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་འཆར་འགོད་དོ་དམ་གཞུང་ལས་ཁང་གིས་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཕུལ་བྱུང་ལ་བདམས་པ་རེད། དཔེ་ཚོགས་དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡི་“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཆར་འགོད་རྣམ་གྲངས་ཤིག་ཡིན་པ་དང་། 2018ལོར་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ནང་བདམས་པ་རེད། རྣམ་གྲངས་ཚོགས་ཆུང་གིས་ལོ་མང་རིང་པར་གཞི་མི་འདྲ་བའི་དཔེ་དེབ་སྔོག་འདོན་དང་། ལེགས་སྒྲིག རྩོམ་སྒྲིག་བཅས་བྱས་པ་བརྒྱུད་མཐའ་མའི་སྤུས་དག་དཔེ་དེབ་དཔེ་སྐྲུན་ལས་དོན་ལེགས་འགྲུབ་བྱུང་བ་དེ་ནི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ལ་དུས་རབས་གསར་པར་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་གཏོང་བ་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བའི་ཚོད་ལྟ་ཞིག་རེད། དཔེ་ཚོགས་འདི་པར་སྐྲུན་བྱས་རྗེས་བོད་ཀྱི་རིག་གནས་ལས་རིགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་མ་ཟད། དེབ་འདི་ཡང་མི་རིགས་དཔེ་སྐྲུན་ཁང་གི«ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ»ཞེས་པའི་དེབ་དང་པོ(སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་ཡི་གེ)དང«ཀྲུང་གུང་ལོ་རྒྱུས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་སྣའི་རྣམ་ཐར»(སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་ཡི་གེ)སོགས་ཀྱི་རྗེས། ཕུལ་བྱུང་རིམ་པར་བདམས་པའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་གསུམ་པ་དེ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།